༄༅། །བལ་ཡུལ་ཁུལ་རང་གཞུང་གི་སྡེ་ཚན་ཁག་གི་ཆེད་གཤམ་གསལ་ལས་བྱེད་ཁ་བསྐོང་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་བལ་ཡུལ་དུ་གནས་སྡོད་ཐུབ་མཁན་དང་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
འགན་འཛིན་སྡེ་ཚན་ཁོངས་དྲུང་གཞོན་ ༡ དང་དྲུང་ལས་ ༡ ལས་བྱའི་སྡེ་ཚན་ཁོངས་གཞོན་དྲུང་ ༡ གློ་སྒྲིག་ཆེད་ལས་བྱ་ཁ་ལོ་པ་ ༡ བཅས་ཀྱི་ས་མིག་སྟོང་པ་བསྡོམས་གྲངས་ ༤ ཡོད།
དགོས་ངེས་ཆ་རྐྱེན།
༡༽ ཤེས་ཚད། དྲུང་གཞོན་དང་། དྲུང་ལས་གནས་རིམ་ཁག་གཉིས་ལ་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ (B.A/B.Com/B.Sc) ཐོན་པའི་ལག་འཁྱེར་ཡོད་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ་དང་། གཞོན་དྲུང་ལ་འཛིན་རིམ་ ༡༢ ཐོན་པ་དང་། ལས་བྱ་ཁ་ལོ་པའི་ཆེད་འཛིན་རིམ་ ༨ ཐོན་པའི་ལག་འཁྱེར་ཡོད་པ། ཡང་ན་ཤེས་ཚད་ལག་འཁྱེར་མེད་ཀྱང་ཁ་ལོ་པའི་ལག་འཁྱེར་ཚད་ལྡན་ཐོག་ཉུང་མཐར་ལོ་གཉིས་ཀྱི་དུས་ཡུན་རིང་སྣུམ་འཁོར་བཏང་བའི་ཉམས་མྱོང་ཡོད་ན་འཐུས་རྒྱུ།
༢༽ ལོ་ཚད། ༢༠༡༡།༡༠།༡༠ བར་དྲུང་གཞོན་དང་དྲུང་ལས་ལ་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས་རྒྱུ་དང་། གཞོན་དྲུང་ལ་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༠ ལས་མ་བརྒལ་བ། ལས་བྱ་ཁ་ལོ་པ་ལ་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ་བཅས་དགོས་རྒྱུ།
༣༽ རྒྱུགས་གཞི། རྒྱུགས་བཞེས་ཨང་རིམ་བརྩལ་ཕྱོགས་གཏན་འབེབ་སྒྲིག་གསལ་ལྟར་བོད་དབྱིན་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་ལེན་རྒྱུ། ཁ་ལོ་པར་ངག་རྒྱུགས་དང་ལག་བསྟར་སྣུམ་འཁོར་གཏོང་སྟངས་རྒྱུགས་ལེན་རྒྱུ།གོང་གསལ་སྡེ་ཚན་སོ་སོར་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་། བལ་དོན་/ས་གནས་འགོ་འཛིན་ལས་ཁང་། /དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ (www.tibet.net/tb) གང་རུང་ནས་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཞུས་ཏེ་འགེངས་ཤོག་ནང་གསལ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་སྟེ།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང་།
༢༽ ཤེས་ཚད་ཨང་ཤོག་དང་། ལག་འཁྱེར་ངོ་བཤུས་། (Marksheet & Certificate)
༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༤༽ བལ་ཡུལ་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གང་ཡོད་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་
བཤུས།
༥༽ བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ།
༦༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་ཁུངས་སྐྱེལ་ཆེད་སློབ་ཐོན་ལག་འཁྱེར་ནང་སྐྱེས་ཚེས་གསལ་བའི་ཡིག་ཆའི་ངོ་བཤུས་དགོས་རྒྱུ།
༧༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།(Character Certificate)
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་བཅས་གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་ཆན་ལས་དམ་(Attestation) ཞུས་ཏེ་འཚང་སྙན་མཉམ་ ༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༡༠ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་བྱེད་བདེའི་ཁ་བྱང་དང་། གློག་འཕྲིན་ (Email) ཁ་བྱང་། ལག་འཁྱེར་ཁ་དཔར་ཨང་གྲངས་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། ཆ་རྐྱེན་ཚང་བའི་ཚོད་བལྟའི་དུས་ཚེས་གཙང་བའི་གནས་རིམ་འོག་མའི་ལས་བྱེད་ནས་ཀྱང་གོ་སྐབས་ལེན་ཆོག་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་བྱུང་རིགས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་གཏོང་རྒྱུ་དང་། ཡིག་རྒྱུགས་ལས་རིམ་བལ་ཡུལ་ཁུལ་དུ་གོ་སྒྲིག་བྱ་རྒྱུར་ས་གནས་གཏན་འཁེལ་པ་རྗེས་སུ་གནས་འབྲེལ་བྱེད་འཐུས་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་ངེས་པར་དུ་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༡ ཟླ་ ༨ ཚེས་ ༨ ལ།།
The Secretary
Staff Selection Commission,
Central Tibetan Administration
Gangchen Kyishong, Dharamsala
Distt.Kangra, H.P. 176215
E-mail: [email protected]
Tel: 01892-226240/222328