༢༠༡༡ ཟླ་ ༨ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་བོད་ཁམས་དཀར་མཛེས་ཁུལ་རྟའུ་ཉ་མཚོ་དགོན་པ་ནས་ཡིན་པ་རང་ལོ་ ༢༩ ལ་སོན་པའི་དགེ་འདུན་པ་ཚེ་དབང་ནོར་བུའམ་ནོར་ཁོ་ལགས་ཀྱིས་ཆུ་མེ་ཟམ་པར་རྡོ་སྣུམ་བཏུངས་ཏེ་རང་གི་ལུས་པོར་རྡོ་སྣུམ་གཏོར་ནས་མེ་སྤར་བ་དང་སྦྲགས། ང་ཚོ་བོད་པ་ཚོར་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་དགོས། སོགས་ཀྱི་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱས་འདུག དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་ཞུགས་མེར་ཕུལ་ཏེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག
བོད་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཞིག་གིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེ་སྲེག་བཏང་སྟེ་ངོ་རྒོལ་སྐད་འབོད་བྱས་པ།
གསར་གནས།
འབྲེལ་གནས།