༢༠༡༡ ཟླ་ ༨ ཚེས་ ༥ རེས་གཟའ་པ་སངས།
༄༅།།འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་ཕ་ཚབ་ཡང་ན་མ་ཚབ་གཅིག་གི་ས་མིག་སྟོང་པ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ཞུགས་བློ་ཡོད་མཁན་རྣམས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༠ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་དགོས།
ཕ་ཚབ་བམ་མ་ཚབ་གཅིག
ཀ༽ དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་སྙིང་རྗེས་ཀུན་ནས་བླངས་ཏེ་བྱམས་སྐྱོང་བྱ་རྒྱུར་སེམས་སྐྱེད་འདུན་པ་ཡོད་པ།
ཁ༽ ཉུང་མཐར་འཛིན་རིམ་ལྔ་པ་ཐོན་པའི་ལག་འཁྱེར་ཡོད་པ།
ག༽ ཕ་ཚབ་མ་ཚབ་ཀྱི་ལས་འཁུར་ཐོག་སྦྱོང་བརྡར་དང་ལས་མྱོང་ཡོད་རིགས་ལ་གོ་སྐབས་དང་པོ་འབུལ་རྒྱུ།
གོང་གསལ་ཐོག་ཆ་རྐྱེན་གཞན།
༡༽ དྭང་བླང་དཔྱ་དངུལ་གཙང་འབུལ་ཞུ་བཞིན་པའི་ལག་དེབ་ཀྱི་ངོ་བཤུས།
༢༽ གནས་ཡུལ་རྒྱལ་ཁབ་ནང་སྡོད་ཆོག་པའི་ལག་དེབ་ཀྱི་ངོ་བཤུས།
༣༽ རང་གཞུང་གི་སྨན་ཁང་ནས་ནད་མེད་ལས་འཕེར་གྱི་སྨན་པའི་ངོས་སྦྱོར་ཕྱེད་དཔར་མཉམ་སྦྱར་ཡོད་པ།
༤༽ རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་གནས་སྡོད་ལག་དེབ་ལྟར་རྩ་འཛིན་ཞུ་རྒྱུ།
༥༽ ཕྲུ་གུ་ལོ་ ༥ མན་མཉམ་སྦྱར་མེད་པ། བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་གནས་ནས་རྩ་དགོངས་གནང་རྒྱུ།
༦༽ གལ་ཏེ་རང་རེའི་སྒྲིག་འཛུགས་གང་རུང་ནང་ལས་ཀ་བྱེད་མུས་ཤིག་འདེམས་ཐོན་བྱུང་སོང་ན། འབྲེལ་ཡོད་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
ཕོགས་ཐོབ་དང་མཐུན་རྐྱེན།
ཕོགས་ཐོབ་ཟླ་རེ་སྒོར་ ༧༥༩༠།༠༠ དང་། ལོ་རེའི་ཞབས་འཕར་དོད། ཕྲུ་གུའིསློབ་ཡོན། སྨན་དོད། ལས་ཤག་སོགས་ཀྱི་མཐུན་རྐྱེན་ཁག་མངོན་དགའི་སྒྲིག་གཞིའི་དགོངས་དོན་བཞིན་ཐོབ་རྒྱུ། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་དངོས་བདེན་ཡིན་པའི་ས་གནས་འགོ་འཛིན་ནམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་འཁོད་དགོས། འཚང་སྙན་ནང་སོ་སོའི་ཁ་བྱང་དང་། ཁ་དཔར་ཨང་། མྱུར་འཕྲིན་དང་གློག་འཕྲིན་ཨང་སོགས་ཇི་ཡོད་ཁ་གསལ་བཀོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢ ལ།།
Director
Ngoenga School for Tibetan Children With Special Needs
S.D.Road,P.O Kulhan-248001
Distt. Dehradun,Uttarakhand
Email:[email protected],Ph :(0135)2607688,Tele Fax:(0135)2607128