༄༅། །དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་སྐྱིད་ལས་བྱེད་གསོལ་ཚང་དུ་གཙང་བཟོ་བའི་ས་དམིགས་སྟོང་པ་གཅིག་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ལས་བྱེད་དུ་ཞུགས་བློ་ཡོད་རིགས་ནས་ ༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༢༥ ཕྱི་དྲོ་ཚོུད་ ༥།༠༠ འགྱངས་མེད་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་སྙན་ཞུ་འབུལ་དགོས། གསོལ་ཕོགས་ཟླ་རེར་སྒོར་ ༧༣༨༧།༠༠
གཙང་བཟོ་བའི་ཆ་རྐྱེན།
- རང་ལོ་༢༡ ལས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ།
- འཚང་ཞུགས་བྱ་མཁན་ཚང་མས་འགོས་ནད་རིགས་མེད་པའི་གཟུགས་ཐང་ལས་ཕེར་ཡིན་པའི་བདེ་ལེགས་སྨན་ཁང་གི་སྨན་པ་ཆེ་བའི་ངོས་སྦྱོར་ཡོད་དགོས།
- རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཟིན་པ་དང་། དཔྱ་དངུལ་དུས་ཐོག་ཕུལ་ཟིན་པའི་ཡིག་ཆའི་སྟེང་དབང་ལྡན་འགན་འཛིན་ནས་དག་མཆན་འཁོད་པ།
- ཐལ་སྤྱོད་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་ངོས་སྦྱོར་དགོས་རྒྱུ།
- ལས་བྱེད་དུ་འདེམས་སྒྲུག་བྱུང་འཕྲལ་ཟླ་དྲུག་རིང་ཚོད་བལྟ་དང་དེ་རྗེས་ལོ་གཉིས་རིང་ཆོད་གན་ཐོག་བསྐོ་བཞག་རྗེས་བབ་གཟིགས་ཀྱིས་ལས་ངོར་བསྐོ་བཞག་གནང་རྒྱུའི་གསལ་བསྒྲགས་སུ།
དཔལ་འབྱོར་ལས་ཁུངས་ནས་ ༢༠༡༡ ཟླ་ ༨ ཚེས་ ༡༨ ལ།
འབྲེལ་བ་ཞུ་ཡུལ།
Secretary
Department of Finance
Central Tibetan Administration
Gangchen Kyishong, Dharamsala
District Kangra – 176215
Himachal Pradesh.Tel : 01892 – 222487, 223738. Fax : 01892 – 222349
E-mail : [email protected].