༢༠༡༡ ཟླ་ ༨ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཨིན་དྷར་གྷན་དྷིའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭའི་(IGNOU)ལོ་འཁོར་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་ ༢༤ པའི་མཛད་སྒོ་དང་སྟབས་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙུག་ལག་སློབ་གྲྭ་དེའི་ཨོ་ནོ་རི་སི་ཀོ་ས་(Honoris Causa) ཞེས་པའི་མཁས་དབང་གི་ཕྱག་འཁྱེར་དེ་འབུལ་ལམ་ཞུ་རྒྱུ་ཡིན་འདུག
ཕྱོགས་མཚུངས་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་གཙུག་ལག་སློབ་གྲྭ་དེའི་ཡན་ལགས་སློབ་གྲྭ་ཁག་ ༤༤ ནང་བསླབ་པ་མཐར་སོན་པའི་དགའ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། འདི་ལོ་རྒྱ་གར་རྒྱལ་ཡོངས་སུ་ཨིན་དྷར་གྷན་དྷིའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་པའི་དགའ་སྟོན་གྱི་ལག་འཁྱེར་ཐོབ་མཁན་སློབ་ཕྲུག་གྲངས་ ༡༠༤༡༦༨ ཡོད་འདུག་པ་བཅས།།
༸གོང་ས་མཆོག་ལ་ཨིན་དྷར་གྷན་སྡིའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭས་མཁས་དབང་གི་ཕྱག་འཁྱེར་འབུལ་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།