༄༅། །འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ལྡེ་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་དང་། ཨོ་རི་ས་སྨན་ཁང་གཉིས་སུ་རྩིས་པའི་ས་མིག་སྟོང་པ་གཉིས་དང་། ཀོ་ལེ་གྷལ་སྨན་ཁང་དུ་མིག་གི་བཅོས་ཐབས་ཆེད་ལས་བྱེད་གཅིག་གི་ས་མིག་སྟོང་པ་བཅས་ཡོད་ན། རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ལས་ཀ་བྱ་འདོད་ཡོད་རིགས་ནས་སོ་སོའི་འཚང་སྙན་དང་། གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཡིག་ཆ་རྣམས་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཕྱི་དྲོ་ཚོུད་ ༥ ནས་མ་འགྱངས་པར་འཕྲོད་བསྟེན་ལས་ཁུངས་སུ་གཤམ་གསལ་མིང་བྱང་ཐོག་འབུལ་དགོས་པ་དང་། འདི་ནས་དོ་བདག་སོ་སོར་འབྲེལ་བ་བྱེད་བདེའི་སླད་སོ་སོའི་ཁ་བྱང་། E-mail address, Fax དང་ཁ་པར་ཨང་གྲངས་བཅས་སོ་སོའི་འཚང་སྙན་ཐོག་ཁ་གསལ་བཀོད་དགོས།
དགོས་མཁོའི་ཆ་རྐྱེན་ཁག
༡༽ རྩིས་པར་ཆ་རྐྱེན་གཙོ་བོ་དམའ་མཐར་ (B.Com) ཐོན་པའི་ལག་འཁྱེར་ཡོད་དགོས་པ་དང་། མིག་གི་ལས་བྱེད་དེར་དམའ་མཐར་ (Diploma in Ophthalmic Assistance Course (2 years) ཐོན་པའི་ལག་འཁྱེར་ངོ་བཤུས་འབུལ་དགོས།
༢༽ དྭྭང་བླངས་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༡།༡༢།༣༡ བར་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་དང་། འབྲེལ་ཡོད་རང་བདེན་ཚོགས་ཆུང་གི་ངོས་སྦྱོར་འབུལ་དགོས།
༣༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་འབུལ་དགོས།
༤༽ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་རང་ལོ་ ༣༥ མ་བརྒལ་བ་ཞིག་དགོས། ཁུངས་སྐྱེལ་ཆེད་སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་འཛིན་རིམ་བཅུ་པའི་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
༥༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་འབུལ་དགོས། (Character Certificate)
༦༽ ད་ལྟ་རང་རེའི་སྒྲིག་འཛུགས་ཀྱི་སྡེ་ཚོགས་གང་རུང་ནང་ལས་ཀ་བྱེད་མུས་ཞིག་འདེམས་ཐོན་བྱུང་སོང་ན། སྡེ་ཚོགས་དེས་དགག་ཆ་མེད་པའི་ངོས་སྦྱོར་འབུལ་དགོས་པ་བཅས། གོང་གསལ་ངོ་བཤུས་ཡིག་ཆར་ས་གནས་འགོ་འཛིན་ནམ། ཡང་ན་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་ངེས་པར་འཁོད་དགོས། ཡང་ཡིག་ཆ་ངོ་མ་རྣམས་རྒྱུགས་སྤྲོད་སྐབས་མིག་སྟོན་ངེས་པར་དགོས་རྒྱུ་དང་།
༧༽ འཚང་སྙན་འབུལ་མཁན་མང་ཉུང་ལ་གཟིགས་ཏེ་རྒྱུགས་ལེན་དགོས་མིན་དང་རྒྱུགས་ལེན་བྱ་ཡུལ་སོགས་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ ༢༠༡༡ ཟླ་ ༧ ཚེས་ ༢༢ ལ།།
འཚང་སྙན་འབུལ་ཡུལ།
Secretary
Department of Health,
Gangchen Kyishong,
Dharamshala 176215, Distt. Kangra H.P India
Telephone 01892-223408/223486; Fax 01892-222718 E-mail; [email protected]