༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་སྦེལ་འཇམ་རྒྱལ་ས་སྦར་སིལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།
དེ་ཡང་ཚོགས་གཙོ་མཆོག་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ལྡི་ལི་ནས་ཝ་ཤིང་ཊོན་དུ་ཕེབས་ཐོན་གྱིས་ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(John Boehner)མཆོག་(Capitol Hill)ལ་མཇལ་འཕྲད་སྐབས་མཉམ་བཅར་ཞུ་རྒྱུ་ཡིན་འདུག
ཕྱི་ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་འགའ་ཞིག་དང་མཉམ་མཇལ་འཕྲད་གནང་རྒྱུ།
ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གི་ཨ་རིར་མི་མང་ལ་བཀའ་སློབ་སྩོལ་སྐབས་ལྷན་ཞུགས་དང་། དགོང་དྲོ་ཝ་ཤིང་ཊོན་ནས་སྦེལ་འཇམ་རྒྱལ་ས་སྦར་སིལ་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༠། ༡༡ ཉིན་སྦར་སིལ་དུ་(INPaT)ལས་དོན་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང། ཚེས་ ༡༢ ཉིན་སྦར་སིལ་ནས་ཝ་ཤིང་ཊོན་དུ་ཕེབས་ཐོན་རྗེས་ཚེས་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ཆོས་ཞུར་བཅར་རྒྱུ། དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་འགའ་ཞིག་དང་མཇལ་འཕྲད་གནང་རྒྱུ་ཙམ་མ་ཟད། ཝ་ཤིང་ཊོན་དུ་ཡོད་པའི་ (National Endowment for Democray) ཚོགས་པའི་འཐུས་མི་མཉམ་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མཛད་པ་ (Verizon Center) ལྷན་ཞུགས་དང་སྦྲགས་ཝ་ཤིང་ཊོན་དུ་ཡོད་པའི་ (National Endowment for Democracy) ཚོགས་པའི་འཐུས་མི་མཉམ་མཇལ་འཕྲད་དང་། ཕྱི་ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་ཆོས་ཞུར་བཅར་རྒྱུ། དེ་བཞིན་ཨ་རིའི་བོད་རིགས་སྤྱྲི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་མཇལ་འཕྲད་གནང་རྒྱུ།
ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་ཆོས་ཞུར་བཅར་རྒྱུ་དང། ཤར་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ནས་དཔལ་ལྡན་བཀའ་ཁྲི་མཆོག་ལ་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོར་མཉམ་ཞུགས་གནང་རྗེས་ཕྱི་ཚེས་ ༡༧ ཉིན་ནིའུ་ཡོཀ་བོད་རིགས་རྣམས་ལ་གསུང་བཤད་གནང་སྟེ་ཚེས་ ༡༨ ཉིན་ཨ་རི་ནས་སྦེང་ལོར་དུ་ཕེབས་ཐོན་གྱིས་ཚེས་ ༢༠ ཉིན་སྦེང་ལོར་དུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།
བོད་མིང་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།
གསར་གནས།
འབྲེལ་གནས།