སྙིང་ཁམས་དང་། རུས་པའི་ནད་གཞིར་རིན་མེད་བརྟག་དཔྱད་ཀྱི་གོ་སྐབས།
༄༅། །འདི་ག་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག་རིང་མིན་ཕྱི་ཟླ་ ༨ ཚེས་ ༡༤ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ཕྱི་དྲོ་ཆུ་ཚོད་ ༤ བར་(Fortis Hospital Mohali, Chandigarh) སྨན་ཁང་གི་ཆེད་ལས་སྨན་པའི་མཐུན་འགྱུར་ལ་བརྟེན་ནས་སྙིང་ཁམས་དང། རུས་པའི་ནད་གཞི་བཅོས་ཐབས་ལ་ཁྱད་མཁས་སྨན་པ་ (Dr.R.K.Jaswal,Director,Cardiology & Dr.Manuj Wadhwa, head of Orthopedics and Joint Replacement )རྣམ་གཉིས་གདན་ཞུས་ཀྱིས་ནད་གཞི་སོ་སོར་བརྟག་དཔྱད་དང། དགོས་ངེས་གསོལ་སྨན་རྣམས་རིན་མེད་ཐོག་འབུལ་རྒྱུ་ལགས་ན། རང་རིགས་ཁྲོད་གོང་གསལ་ནད་གཞིའི་རྐྱེན་པས་དངོས་འབྲེལ་དཀའ་ངལ་ཡོད་ཅིང་སྨན་གཏུགས་བྱ་བློ་ཡོད་རིགས་ནས་ཕྱི་ཟླ་ ༨ ཚེས་ ༡ ནས་ཚེས་ ༡༠ བར་འདི་ག་ཡིག་ཚང་དང། མེད་གྷན་ཡན་ལག་སྨན་ཁང་གང་རུང་དུ་ཐོ་འགོད་གནང་དགོས་པའི་གསལ་བསྒྲགས་སུ། བདེ་ལེགས་སྨན་ཁང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༧ ལ།།
འབྲེལ་ལམ་ཞུ་ཡུལ། ཁ་པར་ཨང།
༡༽ མེག་གྷན་ཡན་ལག་སྨན་ཁང། ༢༢༡༦༢༦
༢༽ བདེ་ལེགས་སྨན་ཁང་ཡིག་ཚང། ༢༢༢༠༥༣།༢༢༣༣༨༡