༢༠༡༡ ཟླ་ ༧ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༠ ཉིན་སྦིར་ཅོན་ཏ་ར་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཟླ་རེ་བཞིན་བརྙན་འཕྲིན་འོད་སྡེར་རིན་མེད་ཐོག་འགྲེམས་སྤེལ་གནང་འབྱོར་བྱུང་བ་ལྟར་མང་ཚོགས་ལ་གཡར་པོ་དང་། སྐབས་མཚམས་མི་མང་ལ་སྟོན་བཞིན་པ་དང་། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་དང་བོད་དོན་སྐོར་མང་ཚོགས་མཉམ་འཛོམས་སྐབས་ཆབ་སྲིད་ཀྱི་གོ་རྟོགས་ཆེད་གསལ་བསྒྲགས་ཞུ་དགོས་ཀྱི་བཀོད་མངགས་ལྟར་ཞུ་མུས་ཡིན། གསུམ་བཅུའི་དུས་དྲན་ཐེངས་ ༥༢ ཐོག་རྒྱུན་ལྡན་ལྟར་སྦིར་སྤ་ལམ་སྤུར་བཅས་སུ་གོ་སྒྲིག་གིས་འདི་ལོ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ (Shri. Ram Ji Lal Mehtal) ལགས་ནས་དམིགས་བསལ་གསུང་བཤད་གོ་སྒྲིག་གནང་བར་འབྲེལ་ཡོད་ས་གནས་གསར་འགྱུར་ཁག་སོགས་ལ་ཐོན་ཏེ་ལས་གཞི་གནང་ཐུབ་པ་བྱུང་ཡོད་པ་གནས་བསྡུས་སུ།།
སྦིར་དང་ཅོན་ཏ་ར་ས་གནས་སུ་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་བ།
གསར་གནས།
འབྲེལ་གནས།