༄༅། །འདི་གར་སེར་བྱེས་ཏྲེ་ཧོར་དགེ་འདུན་པདྨ་ཚེ་དབང་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༠ ཉིན་སྔ་དྲོ་བོད་ནང་ཆུ་ཚོད་ ༨ ཙམ་ལ་དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ་བཅུ་གཉིས་ལྷ་མོ་ལགས་ནས་རང་ཉིད་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་ཁྱེར་ནས། དཀར་མཛེས་རྫོང་གི་ཁྲོམ་གཞུང་མི་དམངས་འདུ་འཛོམས་ཆེ་བའི་སར་བོད་ལ་རང་དབང་མི་འདུག བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་པའི་ཡི་གེ་མང་པོ་བཀྲམ་པ་དང་སྦྲགས། སྐད་འབོད་ཤུགས་ཆེ་རྒྱག་སྐབས་འཕྲལ་དུ་རྒྱ་གཞུང་གི་ཉེན་རྟོག་པ་ཡོང་སྟེ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད།
བཙུན་མ་བཅུ་གཉིས་ལྷ་མོ་ལགས་ནི། ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་། ཀཿ བྲག་ཤང་། ཡ་ནང་ཞེས་པའི་གྲོང་ཚོར། ཕ་བསོད་ནམས་རྒྱ་མཚོ་དང་། མ་ཡེ་ཤེས་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༢༩ ཡིན་འདུག་པ་བཅས།
བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་མུ་མཐུད་གནང་བཞིན་པ།
གསར་གནས།
འབྲེལ་གནས།