༢༠༡༡ ཟླ་ ༥ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོ་ (AISSCE) གྲུབ་འབྲས་གསལ་བསྒྲགས་གནང་ཡོད། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༡༥ ནས་སློབ་ཕྲུག་གྲངས་ ༡༤༥༤ ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༣༩༠ དངོས་སུ་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༢༥༨ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༠༧ ཡོད། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༢༤། དེ་བཞིན་སློབ་ཕྲུག་གྲངས་ ༦༤ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་མེད། འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་པའི་ནང་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༡་༧༡ དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༩་༤༥ བཅས་ཡིན་འདུག བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཨང་རིམ་གཤམ་གསལ།
ཨང་། སློབ་གྲྭའི་མིང་། གས་འཕྲོད་བརྒྱ་ཆ་བརྒྱ་ནས། སྔ་ལོའི་རྒྱུགས་འཕྲོད་བརྒྱ་ཆ།
༡༽ གྷོོ་པལ་སྤུར་བོད་ཁྱིམ། ༡༠༠ ༡༠༠
༢༽ སེ་ལ་ཁུ་བོད་ཁྱིམ། ༩༨ ༢༡
༣༽ མོན་གྷོ་གཏན་སློབ། ༩༧་༢༤ ༩༨་༧༣
༤༽ སྦེལ་ཀོབ་བོད་ཁྱིམ། ༩༥་༩༧ ༩༥་༩༡
༥༽ མ་སུ་རི་བོད་ཁྱིམ། ༩༣་༧༩ ༨༤་༦༢
༦༽ ཧ་སྤུར་གཏན་སློབ། ༩༢་༠༠ ༦༧་༦༥
༧༽ རྡོར་གླིང་གཏན་སློབ། ༩༡་༤༣ ༧༤་༢༤
༨༽ སྦེལ་ཀོབ་གཏན་སློབ། ༩༠་༩༡ ༧༨་༠༥
༩༽ ཀ་སྦུག་གཏན་སློབ། ༨༩་༡༩ ༩༧་༠༦
༡༠༽ སིམ་ལ་གཏན་སློབ། ༨༡་༨༢ ༦༤་༧༡
༡༡༽ མ་སུ་རི་གཏན་སློབ། ༨༡་༦༠ ༦༥་༨༢
༡༢༽ རྡ་སྟེང་བོད་ཁྱིམ། ༧༨་༦༢ ༨༡་༡༩
༡༣༽ དོན་གྲུབ་གླིང་ནེ་རུ་རྗེས་དྲན། ༧༦་༩༢ ༩༥་༢༤
༡༤༽ སྤོན་ཊ་གཏན་སློབ། ༧༡་༤༣ ༧༩་༤༡
༡༥༽ ཌལ་ཧོར་གཏན་སློབ། ༦༧་༧༤ ༨༤་༠༠
བཅས་ཡིིན་འདུག དེ་བཞིན་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་བོད་སློབ་ཁག་གི་ནང་ནས་ཚན་རིག་གི་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཚེ་རིང་ལ་བརྒྱ་ཆ་ ༩༠་༦ ཐོབ་ཡོད་པ་དང་། ཚོང་རིག་གི་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་འཛོམས་ལ་བརྒྱ་ཆ་ ༨༩་༢ ཐོབ་ཡོད། སྒྱུ་རྩལ་གྱི་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་རིན་ཆེན་དབང་མོ་ལ་བརྒྱ་ཆ་ ༩༢་༨ ཐོབ་ཡོད། ལས་རིགས་སྦྱོང་བརྡར་ཁོངས་ནས་རྩེ་ཕུད་སོན་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་བློ་བཟང་ཆོས་སྒྲོན་ལ་བརྒྱ་ཆ་ ༨༡་༥ ཐོབ་ཡོད་པ་བཅས།།
རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭ་ཁག་གི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་པ།
གསར་གནས།
འབྲེལ་གནས།