༢༠༡༡ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༠ ཉིན་སྦར་སལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། སྦེལ་འཇམ་ས་གནས་བོད་རིགས་ཚོགས་པ་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་ཁྲི་སྐབས་གཉིས་བསྟུད་མར་གནང་སྟེ། བོད་མི་རིགས་དང་རྒྱལ་ཁབ་ཆེད་རླབས་ཆེན་གྱི་མཛད་འཕྲིན་ལ་རྗེས་དྲན་ཞུ་སླད་སྦེལ་འཇམ་གནས་སྡོད་བོད་རིགས་མི་མང་ངོས་ནས་ཐུགས་རྗེ་ལེགས་འབུལ་མཚོན་པའི་སླད་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་བརྙན་ཞིག་འབུལ་ལམ་ཞུ་རྒྱུ་ཡིན་སྐོར་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཚང་འཛོམས་ཀྱིས་ཚོགས་འདུའི་ཐོག་ཐག་གཅོད་བྱུང་བ་བཞིན་རིང་མིན་སྦེལ་འཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཙ་ཡུས་སྐལ་བཟང་ལགས་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་བཞུགས་སྒར་རྡ་སར་བཅར་སྐབས་འབུལ་གཏན་འཁེལ་འདུག་བཅས་ཀྱི་གནས་བསྡུས་སུ།།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་ཡིན་པ།
གསར་གནས།
འབྲེལ་གནས།