༢༠༡༡ ཟླ་ ༥ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦ ཉིན་དཔལ་ལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་དང་། མན་སྤར་ཕན་བདེ་གླིང་། ལྡི་ལི། བྷན་ད་ར་ནོར་རྒྱས་གླིང་བཅས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག
ཕྱི་ཚེས་ ༦ ཉིན་རྡ་ས་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཚེས་ ༧ ཉིན་འབུབ་ནེཤ་ཝར་ནས་ཕུན་ཚོགས་གླིང་གཞིས་སྒར་དུ་ཕེབས་འབྱོར་གྱིས་ཚེས་ ༨ ཉིན་ས་གནས་སུ་ལས་དོན་དང་། ཕྱི་དྲོ་འབུབ་ནེཤ་ཝར་ནས་རཱཡ་པུར་ཕེབས་ཐོན་གནང་རྒྱུ། ཚེས་ ༩ ཉིན་རཱཡ་པཱུར་ལ་ཕེབས་འབྱོར་གྱིས་མན་སྤར་དུ་ཕེབས་ཐོན་གནང་སྟེ་ཚེས་ ༡༠ ཉིན་ས་གནས་སུ་ལས་འཆར་དང་། ཚེས་ ༡༡ ཉིན་ལྡི་ལིར་ཕེབས་འབྱོར་དང་། ཚེས་ ༡༢ ཉིན་ལྡི་ལི་(IIC)ཚོགས་ཁང་དུ་ (Buddha Jayanti Commemorative Lecture) གནང་རྒྱུ།
ཚེས་ ༡༣ ཉིན་ནཱག་པཱུར་བརྒྱུད་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་ལས་འཆར་དང་། ཚེས་ ༡༤ ཉིན་ལྡི་ལིར་ཕེབས་འབྱོར་གྱིས་ཚེས་ ༡༥ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །
བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།
གསར་གནས།
འབྲེལ་གནས།