༢༠༡༡ ཟླ་ ༥ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་འཆར་འབུལ་བྱུང་བ་ནང་གསལ་ལྟར། སྤྱི་ལྷན་དྲ་རྒྱའི་སྟེང་འགོད་འཇོག་ཟིན་པར་ནོར་བཅོས་གསལ་བསྒྲགས་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་དྲ་གནས་སུ་བཀོད་ཟིན་པ་དེ་ལྟར་ཡང་། སྣར་ཐང་པར་ཁང་ནས་དེབ་གཟུགས་སུ་དཔར་འདེབས་གནང་བའི་དེབ་གྲངས་ཉུང་ཤས་ཤིག་ནོར་བཅོས་མ་ཟིན་སྔོན་གྱི་འཆར་ཟིན་ཕྱིན་འདུག་སྟབས། སྤྱི་ལྷན་དྲ་རྒྱའི་ཁ་བྱང་གཤམ་གསལ་བརྒྱུད་ནོར་བཅོས་ཟིན་པའི་སྙན་ཐོ་དང་བསྐྱར་བཅོས་འཆར་ཟིན་ཕབ་ལེན་ཡོང་བ་ཞུ་རྒྱུ་དང་། གལ་སྲིད་འགྲེམས་སྤེལ་ཟིན་པའི་བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན་གྱི་དོན་ཚན་དང་པོར་ནང་གསེས་དོན་ཚན་གསུམ་ཡོད་ན་ནོར་བཅོས་གནང་མི་དགོས་པ་དང། ནང་གསེས་དོན་ཚན་ལྔ་ཡོད་ན་དྲ་རྒྱ་བརྒྱུད་ནས་ཕབ་ལེན་གནང་སྟེ་ཆ་འཛིན་དགོས་པའི་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༡ ཉིན།
སྙན་ཐོ་དང་བསྐྱར་བཅོས་འཆར་ཟིན་ཕབ་ལེན་གནང་ཡུལ།
http: //tibetanparliament.org/files/pedab/001.pdf
http: //tibetanparliament.org/files/news/001pdf