༢༠༡༡ ཟླ་ ༥ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་ཀྱིས་ཨ་ཡི་ཨེ་ཨེན་སི་ (IANS) གསར་འགོད་པར་གསུང་དོན། ༸གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤིའི་ (Arunachal Pradesh) མངའ་སྡེའི་བློན་ཆེན་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་ཐད་འཕུར་གནམ་གྲུའི་ཐོག་ཕེབས་སྐབས་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འཚབ་ཧ་ཅང་ཆེན་པོ་མཛད་པ་མ་ཟད། བློན་ཆེན་མཆོག་སྐུ་ཁམས་གསལ་ཐང་ངང་རང་གནས་སུ་ཕྱིར་ལོག་ཐུབ་རྒྱུའི་ཐུགས་སྨོན་ཡང་མཛད་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག་པ་བཅས།།