༢༠༡༡ ཟླ་ ༥ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་། རྡ་སྟེང་བོད་ཁྱིམ་གཉིས་ཀྱིས་མཐོ་སློབ་ཁག་གཙོ་བོར་གྱུར་པའི་བོད་རིགས་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་སྐྱབས་འཇུག་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ཟླ་ ༦ ཚེས་ ༣ དང་ ༤ ཉིན་གཉིས་རིང་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་དམིགས་བསལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་བཀའ་དྲིན་འཁེལ་འདུག་ལགས་ན། བོད་རིགས་གཞོན་སྐྱེས་ནང་ཆོས་ལ་ཐུགས་སྣང་ཡོད་རིགས་རྣམས་ནས་ཕྱི་ཟླ་ ༥ ཚེས་ ༢༥ སྔོན་ལ་རྡ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭའི་ཡིག་ཚང་དུ་དེབ་འགོད་གནང་དགོས་པ་དང་། གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་འདི་ནི་ཕྱི་ལོ་ ༢༠༠༧ ལོ་ནས་དབུ་འཛུགས་གནང་བ་ཞིག་ཡིན་འདུག་པ་བཅས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གསུང་ཆོས་བཀའ་དྲིན་བསྐྱངས་རྒྱུ་ཡིན་པ།
གསར་གནས།
འབྲེལ་གནས།