༢༠༡༡ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་འཐུས་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསར་འཛུགས་གནང་བའི་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཞེས་པའི་ལས་གཞི་དང་། བོད་རང་ཙན་སློབ་ཕྲུག་ཚོགས་པ་ཐུང་མོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་ཕྱི་ཟླ་ ༤ ཚེས་ ༡ ཉིན་བགྲོ་གླེང་ཚོགས་དུ་ཞིག་བསྐོང་ཚོགས་གནང་ཞིང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲཌ་ལགས་དང་། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས། གཞོས་སྐྱེས་ཤེས་ཡོན་ཅན་ཚེ་བརྟན་སྒྲོལ་དཀར་ལགས། སྐལ་བཟང་ལགས་བཅས་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་མཁན་གྱི་གྲས་སུ་གདན་ཞུ་གནང་ཡོད་པ་རེད། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་ཡིན་པའི་སྐོར་ལ་གསུང་བཤད་གནང་བ་དང་།
ཤེས་ཡོན་ཅན་ཚེ་བརྟན་སྒྲོལ་དཀར་ལཌ་དང་། སྐལ་བཟང་ལགས་གཉིས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང༌། བྱུང་རིམ། གྲུབ་འབྲས་བཅས་ངོ་སྤྲོད་གནང་བའི་ནང་། བཙན་བྱོལ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་དགོས་པའི་དགོས་པ་རྒྱུ་མཚན་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར། གཞི་རིམ་མང་ཚོགས་ཁྲོད་གོ་བསྡུར་སྦྱང་བཤད་ཡང་ཡང་བྱས་པའི་མང་གཙོའི་ལམ་སྲོལ་ནས་གཏན་པ་ཕབ་པ་ཞིག་ཡིན་པ། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་ད་བར་མཐོང་རྒྱུ་ཡོད་པའི་གྲུབ་འབྲས་ག་རེ་བྱུང་ཡོད་པ་བཅས་ཀྱི་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་གནང༌ཡོད།
ཕྱོགས་མཚུངས་ཚོགས་བཅར་བ་རྣམས་ལ་རང་གཞུང་ཕྱི་འབྲེལ་ལས་ཁུངས་ནས་པར་སྐྲུན་གནང་བའི་དབུ་མའི་ལམ་གྱི་ངོ་སྤྲོད་དེབ་ཆུང་ཡིག་ཆ་འགྲེམས་སྤེལ་གནང་ཡོད། བགྲོ་གླེང་ཚོགས་འདུར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་། སློབ་ཕྲུག ལས་བྱེད་བཅས་མི་གྲངས་ ༢༠༠ ཙམ་མཉམ་ཞུགས་གནང་ཡོད་པ་དེ་དག་གིས་དོ་སྣང་ཆེན་པོའི་སྒོ་ནས་གསུང་བཤད་གསན་པ་དང་། རྗེས་སུ་དྲི་བ་འདོན་མཁན་ཡང་བྱུང་ཡོད་པར་གསུང་བཤད་གནང་མཁན་ཚོས་ལན་འདེབས་དང་། གསལ་བཤད་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ནི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནང་ཡོད་པའི་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཞེས་པའི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་ནས་ཐུགས་འགན་རྐང་བཞེས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་བདུན་ཕྲག་ཅེས་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་དང་། བགྲོ་གླེང་ཚོཌ་འདུ་ནི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་ཏ་ར་ལགས་ནས་གཙོ་སྐྱོང་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་ཀྱི་ཚོགས་ཁང་གླས་རིན་ནི་ནིའུ་ཡོག་དང་། ནིའུ་འཇར་སི་ས་གནས་བོད་རིཌ་སྤྱི་མཐུན་ཚོགས་པས་མཐུན་འགྱུར་གནང་བ་དང་། གསོལ་ཇ་དང་བཞེས་ཏོག་ཡོངས་རྗོགས་ཟླ་སྣང་ཀུན་ཕན་ཐེབས་རྩ་ཁང་གི་འགན་འཛིན་བླ་མ་ཚེ་དབང་ལགས་ནས་སྦྱིན་བདག་གནང་བ་ལྟར། སྐུ་ཚབ་དོན་གཅོད་ཁང་ནས་ཚོགས་ཡོངས་སུ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།