༢༠༡༡ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ།
༅༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་གཙང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་སུ་ཡི་རང་བསྔགས་བརྗོད་གནང་གནས་ནང་འཁོད་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་ནས་ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡ ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ བར་སྤྱི་འཐུས་ཀྱི་ལས་ཡུན་རིང་གྲོས་ཚོགས་ཀྱི་ཚོགས་མི་ཞིག་གི་ཐུགས་འགན་གང་ལེགས་བཞེས་གནང་ཐོག ཁོང་གི་སྤྱི་འཐུས་ཀྱི་ལས་རྒྱུན་རིང་གཞུང་འབྲེལ་ལས་དོན་ཆེད་ཕེབས་སྐབས་ཉིན་དོད་དང། འགྲིམ་འགྲུལ། བཞུགས་མཚེར་མགྲོན་ཁང་གི་མཐུན་རྐྱེན་བཅས་གཞུང་གི་སྔོན་རྩིས་ནས་མ་བཞེས་པར་རང་ཉིད་སྒེར་ནས་དྭང་བླངས་ཀྱིས་བཏང་གནང་བ་དང། སྤྱི་འཐུས་རྣམ་པ་ཚང་མར་ཟླ་རེར་མཚན་མཐོང་དོད་ཧིན་སྒོར་ ༢༠༠༠།༠༠ རེ་ཡོད་པའང་ཆ་ཚང་མ་བཞེས་པར་གཞུང་མང་ཞབས་ཞུས་མཚོན་བྱེད་ཙམ་དུ་ཟླ་རེ་ཧིན་སྒོར་ ༣༥ རེ་ལས་བཞེས་མེད།
བོད་མི་མང་སྤྱི་འཐུས་རྣམ་པ་ས་བགོས་ལྟར་བོད་མི་འདུ་སྡོད་གཞིས་ཆགས་ཁག་སོགས་ལ་ཆབ་སྲིད་སོགས་ཀྱི་སློབ་གསོ་དང་འབྲེལ་ས་གནས་ས་ཐོག་སོ་སོའི་མི་མང་གི་བདེ་སྡུག་དཀའ་ངལ་ཞུ་རིགས་སྐབས་འཕྲལ་སོ་སོར་འཛིན་སྐྱོང་ལ་སྙན་གསན་ཞུས་ཐོག ཁོང་ཕེབས་ཡུལ་ས་གནས་སོ་སོའི་ནང་ནས་སྤྱི་སྒེར་གང་ཅིའི་དཀའ་ངལ་ཞུས་རིགས་ལ་ཁོང་སྒེར་ངོས་ནས་བལ་སྒོར་འབུམ་ ༡༠ ལྷག་གི་རོགས་ཕན་གནང་འདུག་པ་བཅས་ལ་ཡི་རངས་བསྔགས་བརྗོད་ཡོད་པ་དང། ད་དུང་ཁོང་གི་སྐུ་ཚེའི་རིང་སྐུ་གཟུགས་བདེ་ཐང་ངང་སྤྱི་སྒེར་གྱི་ལས་དོན་གང་ཅིར་སྔར་ལྷག་ཡོང་བའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༨ ལ།།
ཡི་རང་བསྔགས་བརྗོད་གནང་བ།
གསར་གནས།
འབྲེལ་གནས།