༢༠༡༡ ཟླ་ ༤ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦ ནས་ཚེས་ ༡༥ བར་ཉིན་གྲངས་ ༡༠ རིང་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཁྱབ་ཁོངས་གཞིས་ཆགས་དང་། ཁ་འཐོར་བོད་མིའི་འདུ་སྡོད་ ༢༨ ཙམ་ནས་ཆ་བགོས་མི་འགྲོ་གྲངས་ ༣༦ སྐོར་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པ་གནང་གཏན་འཁེལ་བ་ལྟར།
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག ཁྲིམས་ལུགས་རིག་པ་བ་སྡེ་འགན་བསྟན་འཛིན་ལྷུན་གྲུབ་ལགས་བཅས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༤ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཁྲིམས་རྩོད་པའི་སྦྱོང་བརྡར་གྲུབ་རྗེས་ཚེས་ ༡༦ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་བཅས་ཀྱི་གསར་གནས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༨ ལ།།
བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པ་གོ་སྒྲིག་གནང་རྒྱུ་ཡིན་པ།
གསར་གནས།
འབྲེལ་གནས།