༢༠༡༡ ཟླ་ ༤ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅།། ཨི་སི་རལ་བཟོ་སྐྲུན་རིག་གནས་སློབ་གཉེར་ཁང་སྙན་གྲགས་ཆེ་བ་ (Technion-Isreal Institute of Technology International School of Engineering, Haifa, Isreal) ཞེས་པ་ནས་ཕྱི་ལོ་ ༢༠༡༡ ལོར་སྔ་ལོ་བཞིན་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཅིག་ལ་ (Four Years B.Sc. Programs: Civil Engineering, Water Resources & Environmental Engineering and Transportation Engineering) ལོ་བཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་བཟོ་སྐྲུན་རིག་གནས་ཀྱི་སློབ་ཚན་ཐོག་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བྱུང་དོན་ལྟར། གོང་གསལ་སློབ་ཚན་ཁག་གསུམ་ནས་གང་རུང་གཅིག་ལ་འཚང་སྙན་འབུལ་ཆོག་པའི་གསལ་བསྒྲགས།
ཀ༽ འདེམས་སྒྲུག་བྱེད་ཕྱོགས།
༡། ལོ་ལྟར་ཤེས་རིག་ལས་ཁུངས་ནས་སྨན་པའི་སློབ་སབྱོང་ (MBBS) དང་བཟོ་སྐྲུན་རིག་གནས་ (Engineering) གཉིས་ཀྱི་ཚུད་རྒྱུགས་ལྡི་ལི་དང་སྦེང་ལོར་ས་གནས་གཉིས་སུ་གོ་སྒྲིག་གནང་མུས་ལྟར། ཕྱི་ལོ་ ༢༠༡༡ ལོའི་བཟོ་སྐྲུན་རིག་གནས་ (Engineering) ཚུད་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་མཐོ་ཤོས་ལོན་པ་སློབ་ཕྲུག་གྲངས་ ༥ ཡི་མིང་ཐོ་གོང་གསལ་སློབ་གཉེར་ཁང་དུ་འབུལ་ཐོག་མཐའ་མའི་འདེམས་སྒྲུག་སློབ་གཉེར་ཁང་རང་ནས་གནང་རྒྱུ་ཡིན་པས། སྔོན་འགྲོའི་འདེམས་སྒྲུག་བྱུང་བའི་སློབ་ཕྲུག་ལྔ་པོ་རྣམས་ནས་སློབ་གཉེར་ཁང་གི་འཚང་སྙན་འགེངས་ཤོག་དང་གཤམ་གསལ་དགོས་ངེས་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༥ འགྱངས་མེད་འདི་ག་ལས་ཁུངས་སུ་འབུལ་ཟིན་པ་དགོས་རྒྱུ།
ཁ༽ སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འགེངས་ཤོག་འབུལ་ཕྱོགས།
༡། སློབ་ཡོན་འདི་བཞིན་ཕྱི་ལོ་ ༢༠༡༡ ལོར་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་ནང་གསེས་ཨང་རྩིས་ཐོན་མཁན་ཁོ་ནར་ཁྱབ་པ་ཡིན།
༢། ཕྱི་ལོ་ ༢༠༡༡ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ།
༣། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks Card) དང་རྒྱུགས་འཕྲོད་ལག་འཁྱེར་ (Pass Certificate) ངེས་འབུལ་དགོས།
༤། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་རང་བདེན་ཚོགས་ཆུང་ནས་བདེན་དཔང་མཚན་རྟགས་ཞུས་པ་དགོས།
༥། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་ཆེད་འབྲེལ་ཡོད་ལས་ཁུངས་སུ་བཏང་ཟིན་པ་ཡིན་ཚེ་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སབྱོར་གང་རུང་དགོས། བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ངོས་འཛིན་ཐུབ་པར་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ངོས་སབྱོར་ཡིག་ཆ་ངེས་པར་དུ་ཞུ་འབུལ་དགོས།
༦། ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནམ། བོད་གཞུང་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ངོས་སྦྱོར་འབུལ་དགོས།
༧། དོ་བདག་གི་མེ་ཚེའི་ལོ་རྒྱུས་སྙིང་བསྡུས་ (Curriculum Vitae (CV) ཤིག་འབུལ་གནང་དགོས་རྒྱུ།
༨། འཚང་སྙན་འགེངས་ཤོག་གོང་གསལ་སློབ་གཉེར་ཁང་གི་དྲ་ཚིགས་(http://www.ise.technion.ac.il/files/PDF_Application_Undergraduate_2011_2012.pdf ནས་ཕབ་བཤུས་ཀྱིས་འདི་གར་འབུལ་ལམ་ཞུ་དགོས།
༩། གོང་གསལ་སློབ་ཡོན་གྱི་སློབ་འཇུག་ཆ་རྐྱེན་ཁག་དྲ་ཚིགས་ (http://www.ise.technion.ac.il/) ལ་ལྟ་ཞིབ་དགོས་རྒྱུ།
༡༠། རྒྱབ་གཉེར་ཡི་གེ་ཞིག་ (Letter of Recommendation) རང་གི་སློབ་གྲྭའི་དགེ་རྒན་ནས་ཞུ་འབུལ་དགོས་པ་ཡིན།
༡༡། ཨིན་སྐད་རྒྱུགས་སྤྲོད་ཀྱི་ཨང་ཤོག་ངོ་མ་ (IELTS/TOEFL iBT) ངེས་པར་མཉམ་འབུལ་དགོས་རྒྱུ།
༡༢། ཨིན་ཇིའི་རྩོམ་ཡིག་ནང་དོ་བདག་གི་ལོ་རྒྱུས་ (Personal Essay) ཤོག་ལྷེ་གཉིས་ལས་མི་ཉུང་བ་ཞིག་བྲིས་ཏེ་འདི་ག་ལས་ཁུངས་སུ་འཚང་སྙན་མཉམ་འབུལ་དགོས། ཞིབ་ཕྲའི་གནས་ཚུལ་དགོས་མཁོ་ཁག་སློབ་གཉེར་ཁང་གི་འཚང་སྙན་འགེངས་ཤོག་ནང་གསལ་ཡོད།
༡༣། ངོས་འཛིན་ཡོད་པའི་བོད་ལུགས་སྨན་པའམ། དེབ་བསྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་གི་གཟུགས་ཁམས་བདེ་ཐང་ཡིན་པའི་ལག་འཁྱེར་འབུལ་དགོས།
ག༽ ཐུགས་སྣང་དགོས་གལ་ཁག
༡། མཐོ་སློབ་ནས་སློབ་ཡོན་དང་ཁང་དོད་གནང་རྒྱུའི་ཞལ་བཞེས་བྱུང་གཤིས། གནམ་གླ་དང་སློབ་ཡུན་རིང་གི་འཚོ་གྲོན་དོ་བདག་གི་འགན་འཁུར་ལས་སློབ་གྲྭས་གནང་རྒྱུ་མིན་པ།
༢། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་འཕྲོད་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་འགན་ལེན་དག་མཆན་འཁོད་པ་འཚང་སྙན་མཉམ་འབུལ་དགོས། ས་གནས་འགོ་འཛིན་ལས་ཁུངས་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་མེད་པའི་ས་གནས་སུ་རང་བདེན་ཚོགས་ཆུང་གི་ལས་དམ་དང་བཅས་ཏེ་འགན་ལེན་དག་མཆན་དགོས་པ་ཡིན།
༣། ངོས་འཛིན་ཡོད་པའི་བོད་ལུགས་སྨན་པའམ། དེབ་བསྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་གི་གཟུགས་ཁམས་བདེ་ཐང་ཡིན་པའི་ལག་འཁྱེར་འབུལ་དགོས།
༤། ཕྱི་ལོ་ ༢༠༡༡ ཟླ་ ༧ པའི་ནང་མཐོ་སློབ་ཏུ་བསྐྱོད་དགོས་པར་བརྟེན། ཕྱི་བསྐྱོད་ལག་འཁྱེར་སེར་པོ་ (IC) དུས་ཐོག་ཐོན་ཐབས་བྱ་རྒྱུ་དང་། སློབ་སབྱོང་གི་དུས་ཡུན་རིང་ལག་འཁྱེར་དང་འབྲེལ་བའི་དཀའ་རྙོག་རིགས་བྱུང་ཚེ་དོ་བདག་སོ་སོ་ནས་འགན་ཁུར་དགོས་པ་ཡིན།
༥། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། ཨི་མེལ། ཁ་པར་ཨང་གྲངས་སོགས་ཁ་གསལ་འགོད་དགོས།
༦། རྒྱ་གར་ནང་འདེམས་སྒྲུག་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་གཉེར་བ་རང་ངོས་ནས་བསྒྲུབ་དགོས་པ་ཡིན།
༧། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༥༠ འབུལ་དགོས།
༨། འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༩། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཁག་ཚང་མིན་བརྡ་ལན་གནང་རྒྱུ་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་གནང་རྒྱུ་མིན།
༡༠། འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ཁག་ཆད་ལུས་མེད་པ་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས།
༡༡། ད་དུང་དྭོགས་འདྲི་འཕར་མ་ཡོད་ཚེ་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་དགོས་པ་བཅས། བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༦ ལ།།
SECRETARY
Department of Education CTA
Gangchen Kyishong
Dharamsala-176 215
Dist. Kangra
Himachal Pradesh
Ph: 01892 226695, 222572, 22272
Fax:01892 223481
Email: [email protected]
Website: www.sherig.org