༢༠༡༡ ཟླ་ ༤ ཚེས་ ༧ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་ནིའུ་ཛི་ལན་ཌི་བོད་ཀྱི་གྲོགས་པོ་ Friends of Tibet (New Zealand) ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་རིགས་ཚོགས་པའི་སྐུ་ཚབ་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་ཀྱིས་ནིའུ་ཛི་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་སུ་ཀེ་ཌ་ག་ལེ་( Ms Sue Kedgley) མཆོག་བརྒྱུད་གྲོས་ཚོགས་གོང་མའི་ཚོགས་མི་རྣམས་ལ་ཞུ་སྙན་ཞིག་ཕུལ་ཡོད། ཞུ་སྙན་དེའི་ནང་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པ་དེར་ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་ཡོང་ཆེད་ཡིན་འདུག དེ་ཡང་འབོད་སྐུལ་ཞུས་པ་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༧ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ནིའུ་ཛི་ལན་ཌིའི་་ཕྱི་འབྲེལ་དང། བདེ་སྲུང། ཚོང་འབྲེལ་ལྷན་ཁང་ནས་འདམས་པའི་ཚོགས་ཚུང་གི་ཚོགས་མི་རྣམས་ཚང་འཛོམས་ཐོག་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་ཀྱིས་ཞུ་ཡིག་དེའི་སྐོར་གསལ་བཤད་གནང་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་(Scoop Independent News) ཞེས་པའི་ནང་གནས་ཚུལ་སྤེལ་ཡོད། ཕྱོགས་མཚུངས་ཐུབ་བསྟན་སྐལ་བཟང་ལགས་ཀྱིས་ནིའུ་ཛི་ལན་ཌིའི་གཞུང་ནས་ཞུ་སྙན་དེར་རྒྱབ་སྐྱོར་གནང་བ་མ་ཟད། རྒྱ་ནག་གཞུང་དང་ལྷན་གནད་དོན་དེའི་སྐོར་བགྲོ་གླེང་གནང་རྒྱུའི་རེ་བ་ཡོད་སྐོར་གསུངས་ཡོད་པ་བཅས།།
ནིའུ་ཛི་ལན་ཌིའི་གཞུང་ནས་བོད་མིའི་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།