༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བླ་ཆེན་ཤི་རི་ས་ཡི་བྷ་བྷ་ (Sri Saithya Sai Baba) མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་འཚམས་འཕྲིན་སྩལ་བའི་ནང་འཁོད་དོན། ཆོས་ཕྱོགས་དབུ་ཁྲིད་བསྐུར་འོས་ཤི་རི་ས་ཡི་བྷ་བྷ་མཆོག་སྐུ་གཤེགས་པར་ངོས་ལ་ཧ་ཅང་བློ་ཕམ་བྱུང་།
དམ་པ་ཁོང་གི་དགེ་ཕྲུག་དང་རྗེས་འཇུག་པ། དེ་བཞིན་ཁོང་ལ་དད་གུས་གནང་མཁན་ཚང་མར་སེམས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད། སྐུ་གཤེགས་ས་ཡི་བྷ་བྷ་དམ་པ་དེ་ཉིད་ལ་འཛམ་གླིང་ཡུལ་གྲུ་ཁག་ ༡༦༠ ཙམ་གྱི་ནང་སློབ་མ་གྲངས་ས་ཡ་ ༣༠ ཡོད་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བླ་ཆེན་ཤི་རི་ས་ཡི་བྷ་བྷ་མཆོག་སྐུ་གཤེགས་པར་ཐུགས་གསོའི་འཚམས་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།