༢༠༡༡ ཟླ་ ༤ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གི་དམག་དཔུང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པར་མཐའ་བསྐོར་བའི་གནས་སྟངས་ཐོག་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད་ཅེས་གསུངས་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༥ ཉིན་ཕྱི་སྲིད་བློན་ཆེན་མཆོག་གིས་འཇར་མན་རྒྱལ་ས་སྦར་ལེན་དུ་བྱ་དགའ་གནང་སའི་མཛད་སྒོ་ཞིག་གི་ཐོག་འཛམ་གླིང་གི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས་གསུང་དོན། རྒྱ་ནག་གཞུང་གི་དེབ་སྐྱེལ་མེད་པའི་ཡེ་ཤུ་ཆོས་པ་དང་དེ་མིན་གྱི་ཆོས་ཕྱོགས་དང་འབྲེལ་བའི་ཚོགས་པ་ཁག་ལ་དམ་བསྒྲགས་ཤུགས་བྱེད་བཞིན་པའི་གནས་སྟངས་ལུང་འདྲེན་གནང་སྟེ། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་ཡོངས་སུ་རྒྱ་མིའི་དམག་དཔུང་གིས་མཐའ་བསྐོར་བ་མ་ཟད། དགོན་འདུན་པ་དགོན་པའི་ནང་བཙན་དབང་ཐོག་བཀག་སྐྱིལ་བྱེད་བཞིན་ཡོད། གནད་དོན་དེའི་ཐད་ལ་ང་ཚོས་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་བཅས། །
ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ལ་སེམས་ཁུར་ཡོད་སྐོར་གསུངས་པ།
གསར་གནས།
འབྲེལ་གནས།