༢༠༡༡ ཟླ་ ༣ ཚེས་ ༡༧ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་བྷེལ་འཇམ་གྱི་རྒྱལ་ས་སྦར་སིལ་(Brussels) ནང་གི་ཡུརོབ་གྲོས་ཚོགས་ཀྱིས་བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་ ༥༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ། དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འགན་ཁུར་བ་སྐུ་ཞབས་ཨི་ཌི་ཝརཌ་མེཀ་མི་ལན་ (Mr Edward McMillan-Scott)ལགས་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཀི་རིས་ཊི་ན་ཨོ་ཇུ་ལེནཌ་(Ms Kristiina Ojuland) ལགས་རྣམ་གཉིས་ཀྱིས་བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་ ༥༢། བོད་རྒྱ་གཞི་མཐུན་བྱུང་སྲིད་དམ། (“52 Years since the Tibetan Uprising: Common Ground for Tibet and China?”) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་གནད་དོན་དེའི་གལ་གནད་སྐོར། དེ་བཞིན་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྐོར་ཡང་གླེང་ཡོད་འདུག ཚོགས་བཅར་བའི་ཁོངས་སུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་རོགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ་ཐོག་གཏམ་བཤད་དང། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ངེས་སྟོན་པ་ཝིན་སེན་ཊི་མེ་ཊེན་Vincent Metten ལགས་ཀྱིས་བཙན་བྱོལ་བོད་མིའི་ནང་མང་གཙོའི་ཉམས་མྱོང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་བཅས།།
བྷེལ་འཇམ་གྱི་རྒྱལ་ས་སྦར་སིལ་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།