༢༠༡༡ ཟླ་ ༣ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལམ་སྟོན་བཀོད་ཁྱབ་ལྟར། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་ནོར་པ་ཚེ་རིང་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ ཉིན་སྦིར་བོད་ཚོགས་གཞིས་ཆགས་སྡེ་དགེ་དང་ནང་ཆེན་སོགས་ཀྱི་སེར་སྐྱ་མི་མང་དང་། སློབ་གྲྭ་བཅས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་ཡོད། ཕྱི་ཚེས་ ༡༧ ཉིན་ཅོན་ཏ་རའི་སེར་སྐྱ་མི་མང་དང་དེ་བཞིན་སློབ་ཕྲུག་ལའང་གོ་རྟོགས་སྤེལ་མུས་ཡིན་འདུག ཕྱི་ཚེས་ ༡༨ ཉིན་མན་ཌི་དང་སུན་མཚོ་མན་གསུམ་གྱི་གཞིས་ཆགས་ཀྱི་སེར་སྐྱ་མི་མང་དང་སློབ་གྲྭར་སྤེལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༡ ཉིན་བཀྲིས་ལྗོངས་གཞིས་ཆགས་ཀྱི་སེར་སྐྱ་མི་མང་དང་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་སྤེལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༢ ཉིན་སུ་ཇ་བོད་ཁྱིམ་སློབ་གྲྭ་སྤེལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་གསུམ་རིང་རྡ་ས་ཁུལ་གྱི་སེར་སྐྱ་མི་མང་དང་། བོད་ཁྱིམ་སྟེང་ཤོད་སློབ་གྲྭ། ནོར་གླིང་། ཤེས་རབ་དགའ་ཚལ་སློབ་གླིང་། གྷོ་པལ་སྤུར་བོད་ཁྱིམ་སློབ་གྲྭ་བཅས་སུ་སྤེལ་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༦ ནས་ ༢༨ བར་ཌལ་ཧོར་སེར་སྐྱ་མི་མང་དང་སློབ་གྲྭར་སྤེལ་རྒྱུ་ཡིན་འདུག
དེ་བཞིན་ཁོང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལམ་སྟོན་བཀོད་ཁྱབ་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༣ ནས་ཟླ་ ༡༡ བར་ཁྱབ་ཁོངས་བྱང་ཕྱོགས་བོད་མིའི་གཞིས་ཆགས་དང་ཁ་འཐོར་དུ་གནས་སྡོད་བྱེད་མཁན་ཁོངས་ནས་མ་ན་ལི་དང་། པ་ཏིལ་ཀུལ་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་ལག་ཤེས་བཟོ་གྲྭ། ཀུ་ལུ་དཔལ་རབ་གླིང་དང་ཁ་འཐོར། སྤོན་ཌ་གཞིས་ཆགས། ས་ཌོན་གཞིས་ཆགས། ཀམ་རའོ་གཞིས་ཆགས། སྤུར་ཝ་ལ་གཞིས་ཆགས། ས་ཧ་རན་སྤུར། ན་ནི་ཏལ། ཧ་རི་དུ་ཝར། བདེ་སྐྱིད་གླིང་གཞིས་ཆགས། ཚེ་རིང་དོན་ལྡན་གཞིས་ཆགས། དོན་གྲུབ་གླིང་གཞིས་ཆགས། མན་གྲུ་ཝ་ལ་གཞིས་ཆགས། ར་ཇ་སྤུར་བུད་མེད་མཉམ་ལས་དང་ཁ་འཐོར། ཧ་པ་སྤུར་འདོད་རྒུ་གཡུ་རྒྱལ་གླིང་། སིམ་ལ། མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་གཏན་སློབ་དགེ་ལས་སློབ་ཕྲུག སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་དང་ལས་སློབ་གཉིས་ཀྱི་དགེ་ལས་སློབ་ཕྲུག་བཅས་ཁྱོན་ས་ཁག་གྲངས་ ༡༩ གནས་པའི་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་ཡོད་པ་བཅས། །