༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དངོས་གཞི་མིང་གཞུང་གསལ་བསྒྲགས་བྱ་རྒྱུའི་ཁོངས་ནས་ཐེ་ཝན་དུ་གཏན་སྡོད་བྱེད་བཞིན་པ་སྨར་ཁམས་ཆོས་འཕེལ་ལགས་ཀྱི་མིང་ཕྱིར་འཐེན་བྱས་པའི་རྒྱུ་མཚན་གཙོ་བོ། ༡༽ཨེ་ཤ་ཡ་གླིང་ཆེན་ནང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཐེ་ཝན་དང་ཉི་ཧོང་སོགས་སུ་གཏན་སྡོད་བྱེད་བཞིན་པའི་བོད་མི་རྣམས་ནས་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་དགོངས་དོན་ལྟར་བཀའ་ཁྲིར་འོས་བླུགས་ཆོག་ཀྱང་། སྤྱི་འཐུས་ལ་འོས་བླུགས་པ་དང་འོས་གཞིར་ཞུགས་མི་ཆོག ༢༽༢༠༠༩ ཟླ་ ༡༠ ཚེས་ ༡༣ ཉིན་སྨར་ཁམས་ཆོས་འཕེལ་ཐེ་བའི་ཐེ་ཝན་ནང་གཏན་སྡོད་བོད་མི་ ༨ ནས་སྤྱི་འཐུས་རྒྱུན་ལས་སུ་མིང་རྟགས་འཁོད་པའི་སྙན་ཞུ་ཕུལ་བའི་ནང་མ་འོངས་པར་ཐེ་ཝན་མི་མང་གི་སྐུ་ཚབ་སྤྱི་འཐུས་གཅིག་ལས་མ་ཉུང་བ་བསྐོ་འདེམས་ཆོག་པའི་ཁྲིམས་ལུགས་གཏན་འབེབས་བཀའ་འཁྲོལ་ཞུས་པ་དེས་བཙན་བྱོལ་གཞུང་གི་ད་ལྟའི་བཅའ་སྒྲིག་འོག་ཐེ་ཝན་གནས་སྡོད་བོད་མི་མང་རྣམས་ནས་ཆོལ་ཁའི་སྤྱི་འཐུས་སུ་འོས་བླུགས་རྒྱུ་དང་འོས་གཞིར་ཞུགས་མི་ཆོག་པ་མཚོན་ཡོད།༣༽བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་གྲོས་ཚོགས་ལས་རིམ་གསར་ཤོག་འདོན་ཚེས་ ༢༠༡༠ ཟླ་ ༡༠ ཚེས་ ༧ འཁོད་ནང་གསལ་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༧ ནང་གསེས་ (ཅ) པར་བསྐྱར་བཅོས་ཚིག་བརྗོད་ནང་(རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིའི་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་གཞིར་ཞུགས་པ་དང་འོས་འཕེན་མི་ཆོག)བཅས་གསལ་བའི་རྒྱུ་མཚན་གྱི་ཐོག་ནས་སྨར་ཁམས་ཆོས་འཕེལ་ལགས་ཀྱི་མིང་མདོ་སྟོད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ནས་ཕྱིར་འཐེན་བྱས་པ་མ་གཏོགས་འདི་ནས་རྒྱུ་མཚན་གཞན་གང་ཡང་མེད་པའི་གསལ་བཤད་དུ། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ ༢༠༡༡ ཟླ་ ༣ ཚེས་ ༢ ལ།།
གསར་གནས།
འབྲེལ་གནས།