༢༠༡༡ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་སྐྱོང་སྐབས་བདེ་སྲུང་བཀའ་བློན་མཆོག་གི་གཙོས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕེབས་སྐྱེལ་ཞུས་ཡོད། མགོན་པོ་གང་ཉིད་མཆོག་གྷ་གལ་གནམ་ཐང་ནས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ་ལྡི་ལིར་མཛད་འཕྲིན་རྒྱ་ཆེ་སྐྱོང་འཆར་ཡོད་འདུག དེ་ཡང་ཟླ་ ༤ ཚེས་ ༢ ཉིན་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་དམ་པ་ཨར་བེན་ཀ་ཊ་ར་མན་ (R.Venkataraman) མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ལྷན་ཞུགས་མཛད་དེ་རྒྱ་གར་སྲོལ་རྒྱུན་གྱི་རིག་གཞུང་འཚེ་བ་མེད་པ་དང་ཆོས་ལུགས་རིས་མེད་ཀྱི་ལེགས་བྱང་ཞེས་པའི་བརྗོད་གཞིའི་ཐོག་ (Non Violence and Spiritual Values in a Secular India) བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་མ་ཟད། བགྲོ་གླེང་ཚོགས་འདུར་ལྷན་ཞུགས་ཀྱང་མཛད་རྒྱུ་ཡིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་པ།
གསར་གནས།

འབྲེལ་གནས།
