༢༠༡༡ ཟླ་ ༣ ཚེས་ ༢༢ རེས་གཟའ་མིག་དམར།
༅༅། །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་ལོའི་བདེན་པའི་འོད་སྣང་གི་གཟེངས་རྟགས་(Light of Truth Award) ཞེས་པ་དེ་སྐུ་ཞབས་ཇོར་ཇི་པེ་ཊར་སོན་ (Mr.George Patterson) ལགས་སུ་གནང་གཏན་འཁེལ་འདུག སྐུ་ཞབས་ཇོར་ཇི་པེ་ཊར་སོན་ལགས་ནི་ལོ་ངོ་བཅུ་ཕྲག་མང་པོའི་གོང་ནས་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་འདུག ཁོང་ནི་བོད་ནང་ཕེབས་ནས་བཞུགས་མྱོང་ཡོད་མཁན་ཞིག་ཡིན་པ་མ་ཟད། རྒྱ་གར་ནང་ཡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡང་བཞུགས་མྱོང་ཡོད། དེ་བཞིན་ཁོང་གིས་བོད་ཀྱི་ཐོག་ཕྱག་དེབ་མང་པོ་ཞིག་བརྩམས་གནང་ཡོད། བདུན་ཕྲག་རྗེས་མར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ལྕམ་སྐུ་མེ་རི་བྷེཊ་(Mary Beth Markey) ལགས་ཀྱིས་ཨ་ཡར་ལེན་ཌིར་(Ireland) སྐུ་ཞབས་ཇོར་ཇི་པེ་ཊར་སོན་ལགས་སུ་གཟེངས་རྟགས་དེ་གནང་རྒྱུ་ཡིན་འདུག སྐུ་ཞབས་ཇོར་ཇི་པེ་ཊར་སོན་ལགས་ནི་ཕྱི་ལོ་ ༡༩༦༠ ལོར་བོད་པའི་འཇབ་དམག་གིས་གློ་སྨན་ཐང་(Mustang) ནས་རྒྱ་ནག་གི་དམག་དཔུང་ལ་འཇབ་དམག་བརྒྱབ་པའི་དངོས་བྱུང་གི་གློག་བརྙན་ལས་གསལ་པོ་ཤེས་ངེས་ཡིན་པ་བཅས།།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་ལོའི་བདེན་པའི་འོད་སྣང་གི་གཟེངས་རྟགས་དེ་སྐུ་ཞབས་ཇོར་ཇེ་པེ་ཊར་སོན་ལགས་སུ་གནང་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།