༢༠༡༡ ཟླ་ ༢ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས ༡༢ ནས་ཚེས་ ༢༡ བར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་དང་དཔལ་ལྡན་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༢ ནས་ཚེས་ ༢༣ བར་སྦན་ད་ར་ནོར་རྒྱས་གླིང་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས་བཅས་ཀྱི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ལ་ཐུགས་ཞིབ་དང་འབྲེལ་ལམ་སྟོན་དང༌། ས་གནས་སོ་སོའི་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་ངོ་སྤྲོད་ལམ་སྟོན་བཀའ་སློབ་གནང་རྒྱུ་བཅས་ཀྱི་ཆེད་དུ་ཕྱོགས་ཕེབས་ལས་འཆར་སྙིང་བསྡུས་སུ།།
བཙན་བྱོལ་བོད་མིའི་ཁྲིམས་ལུགས་ངོ་སྤྲོད་ཆེད་སྐོར་བསྐྱོད་གནང་འཆར་ཡོད་པ།
གསར་གནས།
འབྲེལ་གནས།