༢༠༡༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༤ ཉིན་ཕྱི་དྲོ་རྡ་ས་ནས་ས་ཐོག་བརྒྱུད་ཅཀྐི་བྷེངྐ་ཏུ་ཕེབས་ཐོན་གྱིས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ། ཚེས་ ༡༦ ཉིན་ལྡི་དོན་ཁང་ནས་ཕེབས་ཐོན་གྱིས་ཕེརེངྐ་ཕརཊ་ཕེབས་འབྱོར་དང་། དེ་ནས་འཇར་མན་གྱི་རྒྱལ་ས་འབར་ལིན་དུ་ཕེབས་འབྱོར་གནང་སྟེ། དེར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་དང་། དེ་རྗེས་ ༡༨ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་ཕེེབས་འབྱོར་གནང་སྟེ། དེར་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་དང་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྗེས་ཕྱི་ཚེས་ ༢༡ ཉིན་ལྡི་ལིར་ཕེབས་གནང་རྒྱུ་དང་། དེ་ནས་མཁའ་ལམ་བརྒྱུད་གལ་གྷལ་དུ་ཕེབས་འབྱོར་གནང་རྗེས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།
བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།
གསར་གནས།
འབྲེལ་གནས།