༢༠༡༡ ཟླ་ ༡ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཟུར་པ་སྐུ་ཞབས་མདའ་གཞིས་རྟ་མགྲིན་ལགས་ཡུན་རིང་ནད་མནར་འོག་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེ་ཞུས་ཡོད་པ་མ་ཟད།
བཙན་བྱོལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་དམ་པ་ཁོང་གིས་ལྷག་བསམ་ཟོལ་མེད་ཐོག་སྲི་ཞུའི་ལས་དོན་ཐོག་རམ་འདེགས་ཧུར་སྐྱེད་ཞུས་པར་རྗེས་སུ་ཡི་རང་དང། ཁོང་གི་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེ་ཞུས་པ་དང་སྦྲགས་དམ་པ་དེ་ཉིད་ཀྱིས་ཚེ་རབས་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་དག་ཅིང་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པའི་གསོལ་བ་སྨོན་ལམ་ཞུས་ཡོད། སྐུ་ཞབས་མདའ་གཞིས་རྟ་མགྲིན་ལགས་ནི་ཕྱི་ལོ་ ༡༩༧༤ ལོར་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་དང་བདེ་སྲུང། དེ་རྗེས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་བཅས་ཀྱི་ནང་ཕྱག་ལས་གནང་སྟེ་ཕྱི་ལོ་ ༢༠༠༣ ལོར་རྒས་ཡོལ་ཞུས་པ་ཞིག་ཡིན་འདུག་པ་བཅས།།
ཡིད་སྐྱོའི་གནས་ཚུལ།
གསར་གནས།
འབྲེལ་གནས།