༢༠༡༡ ཟླ་ ༡ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡ་དང་བྷ་ར་སིལ་ཁུལ་དུ་ཆུ་ལོག་གིས་གནོད་འཚེ་ཚབས་ཆེའི་འོག་ཡུལ་མི་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་རྗེས་ཤུལ་ནང་མི་རྣམས་ལ་སེམས་གསོ་དང། འབྱུང་བའི་འཇིག་པ་དེའི་འོག་དཀའ་སྡུག་མྱོང་བཞིན་པའི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་སྐྱེའི་ཕྱག་བྲིས་ནང་འཁོད་དོན།
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆུ་ལོག་གིས་གནོད་འཚེ་འོག་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལེན་ཌི་ས་ཁུལ་དུ་ཨོ་སི་ཊོ་ལི་ཡའི་བྱུང་རབས་ལོ་རྒྱུས་ནང་གྱོང་གུན་ཚབས་ཆེ་ཤོས་བྱུང་བའི་འོག་ཡུལ་མི་གྲངས་ ༢༠ ཙམ་དང་། བྷ་ར་སིལ་དུ་ལོ་བཅུ་ཕྲག་རིང་བྱུང་མ་མྱོང་བའི་བྷ་ར་སིལ་གྱི་རྒྱལ་ས་རིའོ་ཌེ་ཇུ་ནེ་རོ་ནང་བྱུང་བའི་ཆུ་ལོག་གི་གནོད་འཚེ་དེའི་འོག་མི་གྲངས་ ༥༠༠ ཙམ་གྱི་ཚེ་སྲོག་ཤོར་བ་དང་ཡུལ་མི་སྟོང་ཕྲག་མང་པོའི་ཁང་ཁྱིམ་ཤུལ་མེད་དུ་ཕྱིན་པའི་གནས་ཚུལ་བྱུང་བར་ཧ་ཅང་བློ་ཕམ་ཞུ་རྒྱུ་དང། བཙན་བྱོལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་མ་ཟད། ཁོང་རྣམས་ལུས་སེམས་ཀྱི་དཀའ་ངལ་ལས་མྱུར་དུ་གྲོལ་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད།།