༄༅། །བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་ཆེན་དང་སྟབས་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། ལྷག་པར་བོད་འབངས་རྣམས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་པར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པར་མང་ཚོགས་ནས་ཞལ་འདེབས་ཇི་བྱུང་དང་། གཟེངས་རྟགས་ཆེད་འགྲོ་གྲོན་ཇི་སོང་། ཞལ་འདེབས་ཀྱི་དངུལ་ལྷག་གནས་སྟངས་བཅས་གཤམ་གསལ།
ཨང་། | ས་གནས་སམ་མཚན། | སྒོར། |
རྒྱ་གར། | ||
༡ | རྡ་རམ་ས་གནས་འགོ་འཛིན་ཁྱབ་ཁོངས་ནས། | ༤༨༥༥༨༡་༠༠ |
༢ | སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ནས། | ༤༥༩༥༨༧་༠༠ |
༣ | ལྡེ་ལྡུན་ཁུལ་ནས། | ༢༩༣༣༥༡་༠༠ |
༤ | མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས། | ༢༧༤༤༡༣་༠༠ |
༥ | ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས། | ༡༦༨༥༢༧་༠༠ |
༦ | འབུམ་ལ་ཁུལ་ནས། | ༡༥༢༠༠༠་༠༠ |
༧ | ལ་དྭགས་སླེ་བྱང་ནས། | ༡༢༥༦༣༩་༠༠ |
༨ | སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ནས་གསེར་ཏོ་ལ་ལྔའི་འབབ། | ༡༡༠༤༦༩་༠༠ |
༩ | སྦེལ་ཀོབ་བདེ་སླར་གཞིས་ཆགས་ནས། | ༡༡༠༡༠༥་༠༠ |
༡༠ | ལྷོ་ཕྱོགས་གཞིས་སྤྱི་ལས་ཁང་བརྒྱུད་ནས། | ༩༩༡༨༥་༠༠ |
༡༡ | མ་སུ་རི་གཏན་སློབ་ནས་སྔ་རྗེས་གཉིས་ལ། | ༧༥༥༢༦་༠༠ |
༡༢ | སྒང་ཏོག་ཁུལ་ནས་འབུལ་ཐེངས་གཉིས་ལ། | ༦༤༦༢༣་༠༠ |
༡༣ | ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནས། | ༦༡༤༣༨་༠༠ |
༡༤ | མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས།། | ༦༠༤༨༧་༠༠ |
ཨང། | ས་གནས་སམ་མཚན། | སྒོར། |
༡༥ | ཀ་སྦུག་ས་གནས་འགོ་འཛིན་ཁྱབ་ཁོངས་ནས། | ༥༠༤༩༩་༠༠ |
༡༦ | མན་ཌི་ཁུལ། | ༤༤༩༨༠་༠༠ |
༡༧ | ཧར་སྤ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་ནས། | ༤༤༥༡༥་༠༠ |
༡༨ | ལྡི་མ་སྤུར་ཁུལ་ནས། | ༤༤༡༠༥་༠༠ |
༡༩ | ཅོན་ཏ་ར་གཞིས་ཆགས་ནས་སྔ་རྗེས་ཐེངས་གསུམ་འབྱོར་བར། | ༤༡༡༡༣་༠༠ |
༢༠ | ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ནས། | ༣༨༡༢༧་༠༠ |
༢༡ | ལྡི་ལི་སྐུ་ཚབ་དོན་ཁང་བརྒྱུད་ནས། | ༣༤༡༩༡་༠༠ |
༢༢ | སིམ་ལ་དབྱངས་ཅན་དགའ་ཚལ་གླིང་ནས། | ༣༢༠༦༥་༠༠ |
༢༣ | ལྡི་ལི་བསམ་ཡས་གླིང་ནས། | ༣༠༠༠༠་༠༠ |
༢༤ | ཀུ་ལུ་ཁུལ་ནས། | ༢༩༡༣༡་༠༠ |
༢༥ | མན་སྤར་ཕན་བདེ་གླིང་གཞིས་ཆགས་ནས། | ༢༧༨༣༧་༠༠ |
༢༦ | ཌལ་ཧོར་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་འབུལ་ཐེངས་གཉིས་ལ། | ༢༧༧༥༠་༠༠ |
༢༧ | ཤིས་ལོངས་ས་གནས་འགོ་འཛིན་ཁྱབ་ཁོངས་ནས། | ༢༦༠༧༥་༠༠ |
༢༨ | བྷན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་ནས། | ༢༤༡༤༩་༠༠ |
༢༩ | རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་ནས། | ༢༢༩༩༠་༠༠ |
༣༠ | ན་སིག་ཁུལ་བོད་མིའི་བདེ་དོན་ཚོགས་པ་ནས། | ༢༠༠༠༠་༠༠ |
༣༡ | སྤོན་ཊ་ཆོལ་གསུམ་ནས། | ༡༩༤༤༥་༠༠ |
༣༢ | རྡ་ས་ཨ་ལྕགས་དབང་མོ་ལགས་ནས་གསེར་ཊམ་ཏོ་ལ་གཅིག་ཅན་ཕུལ་བར། | ༡༨༩༤༢་༠༠ |
༣༣ | མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས། | ༡༧༤༤༨་༠༠ |
༣༤ | རྡ་ས་ཕག་རི་སྐྱིད་སྡུག་ནས། | ༡༥༠༠༠་༠༠ |
༣༥ | སྦིར་སྡེ་དགེ་གཞིས་ཆགས་ནས། | ༡༥༠༠༠་༠༠ |
༣༦ | ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ནས། | ༡༤༡༨༠་༠༠ |
༣༧ | འབུམ་ལ་བསྟན་སྒང་གཞིས་ཆགས་ནས། | ༡༡༤༠༥་༠༠ |
ཨང། | ས་གནས་སམ་མཚན། | སྒོར། |
༣༨ | སྤུ་རུ་ཝ་ལ་གཞིས་ཆགས་ནས། | ༡༠༠༠༠་༠༠ |
༣༩ | རྡོར་གདན་ཁུལ་ནས། | ༨༨༠༠་༠༠ |
༤༠ | རྡོར་གླིང་སོ་ན་མདའ་གཞིས་ཆགས་ནས། | ༨༣༢༥་༠༠ |
༤༡ | ས་ཊོན་གཞིས་ཆགས་ནས། | ༥༧༨༥་༠༠ |
༤༢ | ཕུར་བུ་ལྷ་མོ་ལགས་ནས། | ༤༦༠༠་༠༠ |
༤༣ | ཀུམ་རའོ་གཞིས་ཆགས་ནས། | ༤༠༨༥་༠༠ |
༤༤ | ཉི་མ་ལགས་དང་ཆོས་ལྡན་ལགས་ནང་མི་ནས། | ༢༠༠༠་༠༠ |
༤༥ | སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་ནས། | ༡༥༤༠་༠༠ |
༤༦ | རྡ་ས་ངག་དབང་ཆོས་སྒྲོན་ལགས་ནང་མི་ནས། | ༡༥༠༠་༠༠ |
༤༧ | རྡ་ས་ཚེ་རིང་སྒྲོལ་དཀར་ལགས་ནང་མི་ནས། | ༢༠༠་༠༠ |
གོང་གསལ་ཁག་ཁྱོན་བསྡོམས་ཧིན་སྒོར། | ༣༢༣༦༧༡༣་༠༠ | |
བལ་ཡུལ། |
||
༡ | བལ་ཡུལ་མི་མང་ནས་བལ་ཡུལ་སྐུ་ཚབ་དོན་ཁང་བརྒྱུད། | ༡༡༥༠༨༦༡་༠༠ |
༢ | སྐུ་ཞབས་ཐུབ་བསྟན་དཔལ་འབྱོར་ལགས་ནང་མི་ནས་གསེར་ཏོ་ལ་ལྔའི་འབབ། | ༡༡༢༡༨༧་༠༠ |
༣ | སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་ནས་གསེར་ཏོ་ལ་ལྔའི་འབབ། | ༡༡༢༡༨༨་༠༠ |
༤ | བལ་ཡུལ་སྤོག་ར་ཁུལ་ནས། | ༢༥༥༤༠་༠༠ |
བཅས་གོང་གསལ་ཁག་བསྡོམས་ཧིན་སྒོར། | ༡༤༠༠༧༧༦་༠༠ | |
འབྲུག་ཡུལ། |
||
འབྲུག་སྡོད་བོད་མིའི་ལྟ་རྟོག་འགན་ཁུར་བའི་ལས་ཁུངས་བརྒྱུད་ནས་ཞལ་འདེབས་སྔ་རྗེས་ཐེངས་གསུམ་ཕུལ་འབྱོར་ལ་ཧིན་སྒོར། | ༥༧༠༡༨་༠༠ | |
ཨང་། | ས་གནས་སམ་མཚན། | སྒོར། |
ཨ་རི། | ||
ཨ་རི་ཁུལ་གྱི་མི་མང་ནས་ཨ་རི་སྐུ་ཚབ་དོན་ཁང་བརྒྱུད་ཞལ་འདེབས་སྔ་རྗེས་ཐེངས་གཉིས་ལ་བསྡོམས་ཧིན་སྒོར། | ༨༣༠༨༧༥་༠༠ | |
ཉི་ཧོང་། |
||
ཉི་ཧོང་ཁུལ་གྱི་མི་མང་ནས་ཉི་ཧོང་སྐུ་ཚབ་དོན་ཁང་བརྒྱུད་ཧིན་སྒོར། | ༩༠༡༨༠་༠༠ | |
ཕ་རན་སི། |
||
Bordet ཁྱིམ་ཚང་ནས། | ༢༠༠༠་༠༠ | |
ཁྱོན་བསྡོམས་ཧིན་སྒོར། | ༥༦༡༧༥༦༢་༠༠ |
བཅས་གོང་གསལ་རྒྱ་བལ་འབྲུག་གསུམ་དང་། ཨ་རི། ཉི་ཧོང་། ཕ་རན་སི་བཅས་ནས་ཞལ་འདེབས་ཁྱོན་བསྡོམས་ཧིན་སྒོར་ ༥༦༡༧༥༦༢།༠༠ (འབུམ་ལྔ་བཅུ་ང་དྲུག་དང་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་དྲུག་ཅུ་རེ་གཉིས་) བྱུང་ཐོག་ནས་གསེར་གྱི་གཟེངས་རྟགས་ཆེད་འགྲོ་གྲོན་ཧིན་སྒོར་ ༢༦༣༡༤༦༢།༠༠ སོང་བ་འཐེན་འཕྲོས་ཧིན་སྒོར་ ༢༩༨༦༡༠༠།༠༠ (འབུམ་ཉི་ཤུ་རྩ་དགུ་དང་བརྒྱད་ཁྲི་དྲུག་སྟོང་བརྒྱ་ཐམ་པ་)ལྷག་བསྡད་ཡོད་པ་རྣམས་རང་གཞུང་དཔལ་འབྱོར་ལས་ཁུངས་སུ་འབུལ་རྒྱུ་གནང་པ་ལྟར་ཕུལ་དང་འབུལ་བཞིན་ཡིན་ཅིང་། ཡང་སྐུ་ཞབས་བློ་བཟང་ཆོས་འཕེལ་ལགས་ནས་གསེར་གྱི་གཟེངས་རྟགས་ཀྱི་ཞལ་འདེབས་ཆེད་གསེར་གྱི་ཚིགས་ཁེབ་གྷ་རམ་ ༢༣ ཡོད་པ་ཕྲ་རྒྱན་རང་སྒྲིག་གཅིག་ཕུལ་འབྱོར་བྱུང་བ་སྐུ་སྒེར་ཡིག་ཚང་དུ་འབུལ་ལམ་ཞུས་ཡོད། གསེར་གྱི་གཟེངས་རྟགས་ཆེད་ཞལ་འདེབས་འབུལ་མཁན་ཚང་མ་དང་། སྐུ་ཚབ་དོན་གཅོད་རྣམ་པ་དང་། ས་གནས་འགོ་འཛིན་རྣམ་པ་སོགས་ཞལ་འདེབས་བསྡུ་འབུལ་ལ་མཐུན་འགྱུར་གནང་མཁན་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཟེངས་རྟགས་བཞེང་སྐྲུན་གྱི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་དང་། སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས། སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་བཅས་ནས་གཟེངས་རྟགས་བཞེང་བསྐྲུན་གྱི་ཞུ་སྒོར་ལྷག་བསམ་ཧུར་བསྐྱེད་ཅི་ཆེ་གནང་སོང་བ་མ་ཟད། གཟེངས་རྟགས་དང་འབྲེལ་བའི་གནང་སྒོའི་ཆེད་ཕན་ཚུན་ཕྱོགས་ཕེབས་སྐབས་འགྲིམས་འགྲུལ་དང་ཟུར་ཕོགས་སོགས་ཀྱི་འགྲོ་གྲོན་ཡང་མ་བཞེས་པ་བཅས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ལེགས་སོ་བསྔགས་བརྗོད་ཞུ་རྒྱུ། འདིར་མང་ཚོགས་སོགས་ཀྱི་ཞལ་འདེབས་རྣམས་རྒྱལ་ཁབ་བམ་ས་གནས་སོ་སོ་ནས་ཇི་བྱུང་གི་བསྡོམས་ཐོ་ཙམ་ལས་འགོད་མ་ཐུབ་པས། གལ་ཏེ་དགོས་གལ་གྱུར་ཚེ་སྐུ་ཚབ་དོན་གཅོད་རྣམ་པ་དང་། ས་གནས་འགོ་འཛིན་རྣམ་པ་སོགས་འབྲེལ་ཡོད་རྣམ་པས་ས་གནས་མང་ཚོགས་འདུ་འཛོམས་ཆེ་སྐབས་དང་བསྟུན་ཁུངས་སོ་སོ་ནས་ཞལ་འདེབས་ཇི་ཕུལ་ཞིབ་ཕྲའི་གསལ་བསྒྲགས་གནང་ལེགས་བཅས་ཀྱི་གསལ་བསྒྲགས་སུ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༨ ལ།། །།