༢༠༡༡ ཟླ་ ༡ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༩ ཉིན་བཞུགས་སྒར་རྡ་སའི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལྷན་ཁང་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་མིའི་གསར་འགོད་གསལ་བསྒྲགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད། ༡༠།༣༠ ཐོག་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང་། ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས། ལས་འཕར་གཡང་མཁོ་རྒྱལ་ལགས་བཅས་ནས་གསར་འགོད་ཐོག་གསལ་བསྒྲགས་གནང་དོན། བཀའ་ཁྲི་དང་སྤྱི་འཐུས་འོས་མིར་ཕེབས་མཁན་རྣམས་ཀྱི་ཁོངས་ནས་དགོངས་ཞུ་ཇི་བྱས་དང་། དོ་བདག་སོ་སོའི་ངོས་ནས་དངོས་གཞིའི་འོས་བསྡུར་བཞུགས་ཀྱང་ཆ་རྐྱེན་ཁག་ཚང་ཡོད་མེད་ཞིབ་འཇུག་གི་ཆོལ་ཁ་ཁག་ནས་དངོས་གཞིའི་འོས་མི་གྲངས་ ༢༠ རེར་དང་ཆོས་བརྒྱུད་ཁག་ནས་གྲངས་ ༤ ཨ་རི་དང་ཡུ་རོབ་ཁུལ་ནས་གྲངས་ ༤ རེ་དང་། ཐོབ་ཁོངས་སོ་སོ་ནས་དྭང་བླངས་ཇི་ཡོད་རྣམས་འདིར་སྣོན་ཏེ་སྒྲིག་གཞི་ལྟར་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་གཉིས་ལྡབ་ལས་མི་ཉུང་བ་ཞེས་པ་ལྟར་དང་། བཀའ་ཁྲིའི་དངོས་གཞིར་འོས་མི་ཁག་གསུམ་ཡོད་པ་དེ་དག་གསལ་བསྒྲགས་གནང་སོང་བ་བཅས།།
བོད་མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་བློན་ཁྲི་པའི་སྐབས་ ༣ པའི་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་ཆོལ་ཁའི་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྟོད་ཆོལ་ཁའི་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྨད་ཆོལ་ཁའི་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་རྙིང་མ་ཆོས་བརྒྱུད་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བཀའ་བརྒྱུད་ཆོས་བརྒྱུད་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་སྐྱ་ཆོས་བརྒྱུད་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དགེ་ལུགས་ཆོས་བརྒྱུད་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བོན་པོ་ཆོས་བརྒྱུད་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བྱང་ཨ་རི་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།
བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཡུ་རོབ་ཁོངས་དངོས་གཞིའི་འོས་དམིགས་གཤམ་གསལ།