༢༠༡༠ ཟླ་ ༡༢ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ནས་ ༡༢ ཉིན་གྲངས་གསུམ་གྱི་རིང་(USA Today) དང་ (The Gallup Organisation) ཞེས་པའི་ཨ་རིའི་ནང་རྟེན་གཞི་བྱས་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་འདི་ལོ་ཨ་རི་བ་ཚོས་དགའ་མོས་ཆེ་ཤོས་བྱེད་སའི་འཛམ་གླིང་གི་དབུ་ཁྲིད་གྲགས་ཅན་བཅུའི་མཚན་གཞུང་གསལ་བསྒྲགས་བྱས་འདུག མཚན་གཞུང་ཨང་དང་པོ་དེ་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་དང་ཨང་བཅུ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་འདུག
ཉམས་ཞིབ་དེ་གཙོ་བོ་ཨ་རིའི་གླིང་ཕྲན་ནང་གནས་སྡོད་བྱེད་མཁན་ལོ་ན་ ༡༨ ཡན་གྱི་རྒན་གཞོན་ཁྱོན་མི་གྲངས་ ༡༠༡༩ ཙམ་ལ་ཐོལ་བྱུང་གིས་ཁ་པར་ཐོག་(random-digital-dial sampling) ཐད་ཀར་དྲི་བ་བྱས་པའི་གྲུབ་འབྲས་ཤིག་ཡིན་འདུག་པ་བཅས།།
ཨ་རིའི་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་བྱེད་སའི་འཛམ་གླིང་གི་དབུ་ཁྲིད་གྲགས་ཅན་བཅུའི་མཚན་གཞུང་གསལ་བསྒྲགས་བྱས་པ།
གསར་གནས།
འབྲེལ་གནས།