༢༠༡༠ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་ནང་འཁོད་དོན། ཕྱི་ལོ་༢༠༡༠ ཟླ་ ༡༡ ཚེས་ ༣༠ མཚན་མོ་ཚོུད་ ༡༡།༣༠ དང་ ༡༢ བར་མེ་གྷན་ཇོ་གི་ཝ་ར་ལམ་སྣེ་ལེན་ཁང་དང་མཉམ་ལས་ལས་ཤག་ཉེ་འགྲམ་རྒྱ་གར་ཡུལ་མི་ལྕགས་ཤོག་ཚོང་ཁང་བདུན་ལ་མེ་སྐྱོན་བྱུང་བ་ཚང་མའི་མཁྱེན་གསལ་ལྟར་། སྐབས་དེར་ཡུལ་མི་དང་བོད་མི་བཅས་ནས་ཕྱར་གྲུ་མཉམ་འདེགས་ཀྱི་སྐབས་མཚམས་གཡས་གཡོན་ཚོང་ཁང་དང་ཟ་ཁང་མཉམ་ལས་ལས་ཤག་སོགས་ལ་མེ་སྐྱོན་བྱུང་ཐུབ་མེད། ༢༠༡༠ ཟླ་ ༡༢ ཚེས་ ༡ ཉིན་རང་གཞུང་ནང་སྲིད་བཀའ་བློན་དང་བཀའ་ཁྲི་གཅིག་ལྕོགས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་ཡུལ་མི་ཚོང་ཁང་བདུན་དང་དེའི་ཉེ་འགྲམ་ཁང་པ་གཅིག་བཅས་ལ་ཐུགས་གསོ་ཧིན་སྒོར་ ༥༠༠༠ དང་མཇལ་དར་རེ་བཅས་དེའི་ཉིན་རང་གཞུང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་ཕེབས་ནས་རྒྱ་གར་ཚོང་ཁང་བདག་པོ་རྣམས་ལ་ཕྱག་དངུལ་བསྡོམས་སྒོར་༣༧༥༠༠ཐམ་པ་ཕུལ་ཐུབ་ཡོད། དེའི་རྗེས་དབུས་གཞོན་ནུ་ནས་སྒོར་༧༠༠༠ཐམ་པ་རྒྱ་གར་མེ་གྷན་ཚོང་ཁང་སྐྱིད་སྡུག་ལ་ཕུལ་འདུག་། རྡ་རམ་ས་ལའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་འཐུས་མི་ཚང་མའི་ཚབ་ཞུས་ཏེ(Shri Ram Swaroop,senior Advisor) མཆོག་ནས་ཚོང་ཁང་བདག་པོ་རེ་ཧིན་སྒོར་༢༠༠༠ཐམ་པ་རེ་ཐུགས་གསོ་ཆེད་ཕུལ་ཐུབ་ཡོད། བཞུགས་སྒར་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ།
༡༽བོད་རང་བཙན་སློབ་ཕྲུག་ཚོགས་པ།
༢༽ས་གནས་གཞོན་ནུ་ལྷན་ཚོགས་།
༣༽ས་གནས་བེུད་ལྷན་ཚོགས།
༤༽དགུ་བཅུ་གསུམ་ཚོགས་པ།
༥༽རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་འཐུས་མི་རྣམས་དང་ཕྱི་རྒྱལ་ཨ་རི་ནས་ཡིན་པ་(Tammy)ཀྲ་མི་ལགས་དང་བླངས་ཐོག་བཞུགས་སྒར་མེ་གྷན་སེར་སྐྱ་མི་མང་ནས་ཞལ་འདེབས་བསྡུ་རུབ་ཞུས་པའི་བསྡོམས་སྒོར་ ༥༦༩༨༠ ཐམ་པ་རྒྱ་གར་ཚོང་ཁང་བདུན་ལ་ཧིན་སྒོར་༨༡༤༠དང་མཇལ་དར་རེ་མེ་སྐྱོན་ཤོར་བ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་གནང་ཡོད། བཞུགས་སྒར་རྡ་རམ་ས་ལའི་མེ་གྷན་བོད་མི་སྐྱབས་བཅོལ་པའི་ཚོང་པའི་སྐྱིད་སྡུག་མགོ་མང་ཡོངས་ནས་ཞལ་འདེབས་བསྡུ་རུབ་ཞུས་པའི་བསྡོམས་སྒོར་ ༡༡༩༠༠ ཐམ་པ་རྒྱ་གར་ཚོང་ཁང་བདུན་ལ་ཧིན་སྒོར་༡༧༠༠དང་མཇལ་དར་རེ་མེ་སྐྱོན་ཤོར་བ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་དེ་རིང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་མཆོག་ནས་གནང་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༤ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་ཐེག་ཆེན་ཆོས་གླིང་དགེ་རྩ་གཉིས་ནས་ཉེ་ཆར་རྒྱ་གར་ཚོང་ཁང་བདུན་དང་དེའི་ཉེ་འགྲམ་ཟ་ཁང་གཅིག་ལ་མེ་སྐྱོན་བྱུང་བ་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་ངལ་སེལ་མཚོན་ཆེད་ཚོང་ཁང་བདུན་ལ་སྒོར་ ༡༡༠༠༠། དང་ཉེ་འགྲམ་ཟ་ཁང་ལ་སྒོར་ ༥༥༠༠ བཅས་བསྡོམས་སྒོར་ ༨༢༥༠༠།དང་ཐེག་ཆེན་ཆོས་གླིང་དགེ་རྩ་ཚོགས་པ་ནས་རྒྱ་གར་ཚོང་ཁང་བདུན་དང་དེའི་ཉེ་འགྲམ་ཟ་ཁང་གཅིག་ལ་མེ་སྐྱོན་བྱུང་བ་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཆེད་ཚོང་ཁང་བདུན་ལ་སྒོར་ ༡༠༠༠། དང་ཉེ་འགྲམ་ཟ་ཁང་ལ་སྒོར་ ༥༠༠ བཅས་བསྡོམས་སྒོར་ ༧༥༠༠། ཁྱོན་བསྡོམས་སྐུ་སྒེར་ཡིག་ཚང་ནས་སྒོར་༩༠༠༠༠དགུ་ཁྲི་ཐམ་པ་གནང་གསོན་བྱུང་ལགས། ད་བར་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་རྣམས་ནས་རྒྱ་གར་ཚོང་ཁང་རྣམས་ལ་ངལ་སེལ་དངུལ་བྱུང་བ་རྣམས་གཤམ་གསལ་རེའུ་དམིགས་ལྟར་ས་གནས་འགོ་འཛིན་བརྒྱུད་ནས་ཕུལ་ཐུབ་ཡོད།
S. No | Owner/ Shopkeeper Name | Dalai lama Trust | Thecken choeling
Temple |
Home Dept
CTA |
Executive TYC | Regional SFT/TYC/TWA/GCS/NDPT/ Tammy USA | ITFA | Tibetan Shop Keeper Asso | Total Amount
Rupees |
1 | Col Karan Singh | 11000/- | 1000/- | 5000/- | 1000/- | 8140/- | 2000/- | 1700/- | 29840/- |
2 | Ashok Kumar | 11000/- | 1000/- | 5000/- | 1000/- | 8140/- | 2000/- | 1700/- | 29840/- |
3 | Preveen Kumar | 11000/- | 1000/- | 5000/- | 1000/- | 8140/- | 2000/- | 1700/- | 29840/- |
4 | Vrindar Kumar | 11000/- | 1000/- | 5000/- | 1000/- | 8140/- | 2000/- | 1700/- | 29840/- |
5 | Hoshiar Singh | 11000/- | 1000/- | 5000/- | 1000/- | 8140/- | 2000/- | 1700/- | 29840/- |
6 | Ravi Kumar | 11000/- | 1000/- | 5000/- | 1000/- | 8140/- | 2000/- | 1700/- | 29840/- |
7 | Vipan Kumar | 11000/- | 1000/- | 5000/- | 1000/- | 8140/- | 2000/- | 1700/- | 29840/- |
8 | Bhim Sen | 5500/- | 500/ | 2500/- | —— | ——– | —— | —— | 8500/- |
Total Amount | 82500/ | 7500/- | 37500/- | 7000/- | 56980/- | 14000/- | 11900/- | 217380 |