༢༠༡༠ ཟླ་ ༡༢ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༦ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་རྡ་ས་ནས་ཅཀྐཱི་བྷེང་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། དེ་ནས་ཕྱི་ཚེས་ ༧ ཉིན་མཁའ་ལམ་བརྒྱུད་པཌནར་(Patna) ཕེབས་འབྱོར་གྱིས་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཐོན་གནང་རྒྱུ།
ཚེས་ ༨ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཀརྨ་པ་དགུ་བརྒྱའི་དུས་དྲན་ཚོགས་ཆུང་གི་མཛད་སྒོར་སྐུ་མགྲོན་གཙོ་བོའི་གསུང་བཤད་གནང་རྒྱུ། དེ་རྗེས་གཡཱ་ནས་མེ་འཁོར་ནང་ཕེབས་ཐོན་གྱིས་ལ་ཁནཨཱུ་ (Lucknow) ལ་ཕེབས་འབྱོར་གནང་སྟེ། ས་གནས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༠ ཉིན་རྒྱ་གར་ནང་པའི་ཆོས་ཚོགས་ (Dharma Society of India) ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་ཏེ་། ནང་ཆོས་དེ་དེང་དུས་སྤྱི་ཚོགས་ཀྱི་གནས་སྟངས་དང་འཚམས་ཚུལ། (The relevance of Buddhism in the present scenario of the world) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང། ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༥༡ གྱི་ཐོག་རྒྱལ་སྤྱིའི་ཁྲིམས་དཔོན་ལྷན་ཚོགས་ཐེངས་ ༡༡ པ་དབུ་འབྱེད་གནང་རྒྱུའི་མཛད་འཆར་ནང་བཀའ་ཁྲི་མཆོག་ཀྱང་ལྷན་བཞུགས་གནང་ཏེ། ཕྱི་ཚེས་ ༡༡ ཉིན་ལ་ཁནཨཱུ་ལ་ནས་མེ་འཁོར་ནང་ལྡི་ལིར་ཕེབས་རྗེས་ཚེས་ ༡༢ ཉིན་ལྡི་ལི་ནས་ཅཀྐཱི་བྷེང་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།
བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།
གསར་གནས།
འབྲེལ་གནས།