༢༠༡༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༧ ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དྷི་མ་པུར་དང་། མེའོ། ཏི་ཛུ། ལྡི་ལི་བསམ་ཡས་གླིང་བཅས་བོད་མིའི་གཞི་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་འཆར་ཡོད་འདུག དེ་ཡང་ཐོག་མར་ཕྱི་ཚེས་ ༡༧ ཉིན་རྡ་ས་ནས་ཅཀྐི་བྷེངྐ་བརྒྱུད་ཕྱི་ཚེས་ ༡༨ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ། དེ་ནས་དྷི་མ་པུར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༩ ཉིན་དྷི་མ་པུར་ས་གནས་སུ་ལས་འཆར་དང་། ཕྱི་ཚེས་ ༢༠ ཉིན་མེའོ་ཆོས་འཕེལ་གླིང་དུ་ཕེབས་ཏེ་ས་གནས་སུ་ལས་འཆར། ཕྱི་ཚེས་ ༢༡ ཉིན་ཏི་ཛུ་དར་རྒྱས་གླིང་དུ་ཕེབས་འབྱོར་གྱིས་ས་གནས་སུ་ལས་འཆར། ཕྱི་ཚེས་ ༢༣ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ལས་འཆར་དང། ཕྱི་ཚེས་ ༢༤ ཉིན་སྔ་དྲོ་མི་སྣ་ཁག་མཇལ་འཕྲད་གནང་རྗེས་ལྡི་ལི་ནས་ཅཀྐི་བྷེངྐ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།
བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།
གསར་གནས།
འབྲེལ་གནས།