༄༅། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༨ པའི་ཆ་རྐྱེན་གྱི་འོག་ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་གཉིས་སོ་སོའི་ཆགས་ཡུལ་ས་བབ་དང་ཁྲིམས་ཁོངས་ཁྱབ་ཚད་ལ་གཞིགས་པའི་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་མིང་ཚིག་བསྒྱུར་བཅོས་གཏན་འབེབས་གནང་བའིསྐོར་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༣ འཁོད་པའི་གསལ་བསྒྲགས་ཤིག་གནང་ཡོད་ནའང་། བོད་དབྱིན་ཟུང་སྦྲེལ་གྱི་མིང་ཚིག་གོ་དོན་མཚུངས་པ་ཞིག་དགོས་སྟབས། གོང་གསལ་ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་མིང་བྱང་དེ་དག་ལ་ཕྲན་བུའི་བསྒྱུར་བཅོས་གཏན་འབེབས་གནང་བ་གཤམ་གསལ།
༡༽ དཱེ་ཧྲཱ་དཱུན་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཞེས་པའི་མིང་ཚབ་ཏུ། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། Tibetan Local Justice Commission (NORTHERN REGION)
༢༽ སྦེལ་ཀོབ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཞེས་པའི་མིང་ཚབ་ཏུ། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། TIbetan Local Justice Commission (SOUTHERN REGION) ཞེས་བསྒྱུར་བཅོས་གཏན་འབེབས་གནང་བ་ཡིན་ན་དེ་དོན་འབྲེལ་ཡོད་ཚང་མས་གསལ་བསྒྲགས་འདི་གཏོང་ཚེས་ནས་བཟུང་རྩ་འཛིན་ཕྱག་བཞེས་དགོས་པའི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༩ ལ།།