༢༠༡༡ ཟླ་ ༡ ཚེས་ ༦ རེས་གཟའ་ཕུར་བུ།
༅༅། །འདི་གར་ན་སིག་ས་གནས་བོད་མིའི་བདེ་དོན་མཐུན་ཚོགས་དང་། ས་གནས་གཞོན་ནུ། ས་གནས་རྒྱལ་ཡོངས་མང་གཙོ་ཚོགས་པ་ཐུན་མོང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༡ འཁོར་བའི་དུས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཆེད་གང་སྐུའི་ཞབས་རིམ་དང་། རླུང་རྟ་དར་འཛུགས། བསངས་གསོལ་སོགས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་ས་གནས་བདེ་དོན་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད། ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ས་གནས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་རྒྱ་གར་ནང་པའི་ཚོགས་གཙོ་(Shalati Tai) ལགས་དང། བོད་དོན་རྒྱབ་སྐྱོར་ཚོགས་པའི་(Dr.Pagare Ratanagar) ལགས། དེ་བཞིན་བོད་མི་རྒན་གཞོན་བར་གསུམ་གྱིས་མར་མེ་ཁྲོམ་སྐོར་གནང་བ་མ་ཟད། ཡུལ་སྐད་དང་དབྱིན་སྐད་ཐོག་བོད་དོན་སྐོར་དྲིལ་བསྒྲགས་རྒྱ་ཆེ་གནང་ཡོད་པ་བཅས།།
༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༡ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།