༢༠༡༠ ཟླ་ ༡༢ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ནས་ ༡༩ བཅས་ཉིན་གྲངས་བཅུའི་རིང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིགས་དང་བརྙན་འཕྲིན་ཁག་གཅིག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ཚོགས་ཁང་དུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གི་མཛད་རྣམ་བརྙན་འཕྲིན་སྐུ་མདུན་ཞེས་པ་གཟིགས་འབུལ་ཞུ་རྒྱུ་དང། ཕྱི་ཚེས་ ༡༤ ཉིན་བོད་ནང་ལོ་བདུན་ཞེས་པའི་བརྙན་འཕྲིན་གཟིགས་འབུལ་ཞུ་རྒྱུ་མ་ཟད། ཕྱི་ཚེས་ ༡༥ ཉིན་དེང་དུས་འཛམ་གླིང་ནང་ཀུན་ཁྱབ་འགན་ཁུར་ཞེས་པའི་༸གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་ཀྱི་བརྙན་འཕྲིན་གཟིགས་འབུལ་ཞུ་རྒྱུ་དང་། དེ་བཞིན་ཉིན་གྲངས་བཅུའི་རིང་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་སྟོད་ཀྱི་མཛད་རྣམ་དང་འབྲེལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་དུ་༸ཞབས་སོར་འཁོད་བསྟུན་གྱི་མཛད་རྣམ་དང་འབྲེལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ། ཕྱོགས་མཚུངས་༸གོང་ས་མཆོག་ལ་རྒྱལ་སྤྱིའི་གཟེངས་རྟགས་འདྲ་མིན་ཁག་འབུལ་ལམ་ཞུ་སྐབས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་མི་སྣ་གྲགས་ཅན་དང་དབུ་ཁྲིད་རྣམས་དང་མཇལ་འཕྲད་མཛད་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་མང་ཚོགས་ལ་རིན་མེད་ཐོག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས།
༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དགའ་སྟོན་གྱི་ ཉིན་མོར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་པར་རིགས་དང་བརྙན་འཕྲིན་གཟིགས་འབུལ་ཞུ་རྒྱུ།
གསར་གནས།
འབྲེལ་གནས།