༢༠༡༠ ཟླ་ ༡༡ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་ཅོན་ཏ་ར་ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། སྦིར་བོད་ཚོགས། སྦིར་སྡེ་དགེ། ཅོན་ཏ་ར་ནང་ཆེན་ས་གནས་འགོ་འཛིན་གསུམ་ནས་བེཇ་ནཐ་ཁུལ་ཨེས་ཌི་ཨེམ་ SDM, Baijnathཆེད་བཅར་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༡ ཉིན་སྦི་ལིང་ Billing དུ་རླུང་འདེད་ལྡིང་གྲུའི་འགྲན་རྩེད་ Paragliding Competitionདབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡུ་མལ་མཆོག་Shri Prem Kumar Dhumal, Chief Minister, Himachal Pradesh ཕེབས་རེའི་གནས་ཚུལ་ཐོན་པར་སྦིར་དང་ཅོན་ཏ་ར་ཁུལ་གྱི་བོད་མི་ཡོངས་ནས་ཁོང་ལ་འཚམས་འདྲི་ཞུ་རྒྱུའི་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་ཞུས་པར། མཛད་རིམ་ཐོག་ཕྲན་བུ་བསྒྱུར་བ་ཕྱིན་ཏེ་ཟ་བཅའི་བློན་ཆེན་སྐུ་ཞབས་ར་མེཤ་རྡ་ཝ་ལ་མཆོགShri Ramesh Dhawala, Food, Civil Supplies & Consumers Affairs Minister, Himachal Pradesh སྔ་དྲོ་ཚོུད་ ༡༠།༣༠ ཙམ་ལ་སྦིར་ས་གནས་ཉེ་འཁྲིས་ཅོ་གྷན་གསུམ་ཐོག་ཏུ་སྦིར་བོད་ཚོགས་ས་གནས་འགོ་འཛིན་ཚེ་རིང་ལྷ་མོ་ལགས་དང་། སྡེ་དགེ་ས་གནས་འགོ་འཛིན་བྱ་རྒོད་ཚང་དོན་ཡོད་ལགས། ཅོན་ཏ་ར་ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས། ཁུལ་དེའིདགོན་སྡེ་ཁག་གི་དགེ་འདུན་པ། ས་གནས་གྲོས་ཚོགས། འཐུས་མི། སྦིར་ཉིན་སློབ་དགེ་ལས་སློབ་ཕྲུག མང་ཚོགས་བཅས་མི་མང་ ༡༠༠ སྐོར་ནས་འཚམས་འདྲི་གཟབ་རྒྱས་ཞུས་ཐུབ་པ་བྱུང་ཡོད། སྐབས་ཐོག་སློབ་ཕྲུག་གཉིས་ནས་ཕྱེ་མར་ཆང་ཕུད། ས་གནས་འགོ་འཛིན་གསུམ་ནས་འཚམས་འདྲི་མཇལ་དར་ཕུལ་བ་དང་། རིམ་བཞིན་འཐུས་མི་རྣམས་ནས་མཇལ་དར་དང་། དགེ་འདུན་པ་དང་། སློབ་ཕྲུག་རྣམས་ནས་མཇལ་དར་དང་མེ་ཏོག་སོགས་ཕུལ་ཏེ་དམིགས་བསལ་ཕེབས་བསུའི་རྒྱལ་སྒོ་ཞིག་ཀྱང་གོ་སྒྲིག་ཞུས་ཐུབ་པར་བློན་ཆེན་མཆོག་དང་། ཨེས་ཌི་ཨེམ། གཞན་ཡང་སྐུ་མགྲོན་རྣམས་ཀྱིས་དགྱེས་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཐེངས་འདིའི་རླུང་འདེད་ལྡིང་གྲུའི་གོ་སྒྲིག་ཞུ་མཁན་ནི་མངའ་སྡེའི་རྩེད་རིགས་དང་གཞོན་ནུ་ལྷན་ཁང་། མཁའ་ལམ་ཚོགས་པ་(Department of Sports and Youth Services in collaboration with Aero Club of India) བཅས་ཡིན་པ་དང་། རྩེད་འགྲན་ཐོག་ཕྱི་རྒྱལ་བ་ཁག་གཅིག རྒྱ་གར་རྒྱལ་ཡོངས་ནས་རྩེད་འགྲན་པ། བེུད་བཅས་འཕུར་ལྡིང་བ་མི་གྲངས་ ༡༠༠ སྐོར་ཞིག་ནས་མཉམ་ཞུགས་གནང་རྒྱུ་ཡིན་འདུག རྩེད་འགྲན་དེ་ཕྱི་ཚེས་ ༡༡ ནས་འགོ་འཛུགས་ཀྱིས་ཚེས་ ༡༤ བར་ཉིན་བཞི་རིང་གནང་རྒྱུ་ཡིན་པ་དང་མཐའ་མའི་མཛད་སྒོར་འཕྲོད་བསྟེན་དང་ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་ར་ཝིན་ཌ་སིངྒ་མཆོག་Shri Ravinder Singh Ravi, Irrigation & Public Health Minister ཕེབས་རྒྱུ་ཡིན་འདུག་པ་བཅས།།