༢༠༡༠ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་གཞུང་ཨ་རིའི་སྐུ་ཚབ་དོན་ཁང་ནས་གཏང་གནས་ནང་འཁོད་དོན། བྱང་ཨ་མེ་རི་ཁའི་ནང་རྒྱ་གར་དང་། བལ་ཡུལ་ཁུལ་དང་འདྲ་བར་ས་གནས་རང་བདེན་ཚོགས་ཆུང་དངོས་སུ་མེད་ན་ཡང་། མི་མང་ནས་འོས་འདེམས་བྱས་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་བྱང་ཨ་མི་རི་ཁའི་ནང་གནས་སྡོད་བོད་མི་ཚོའི་དང་བླངས་དཔྱ་དངུལ་བསྡུ་ལེན་དང་། དཔྱ་དེབ་གསར་བཟོ་སོགས་དང་འབྲེལ་བའི་ལས་དོན་རྣམས་སྐུ་ཚབ་དོན་གཅོད་ཁང་གི་ལམ་སྟོན་བཞིན་སྒྲུབ་བཞིན་ཡོད་ཅིང་། དེ་ནི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ས་གནས་རང་བདེན་ཚོགས་ཆུང་དང་མཚུངས་པའི་ལས་འགན་སྒྲུབ་པ་ལྟར་ཆགས་ཡོད།
ཕྱི་ཟླ་ ༡༠ ནང་བྱང་ཨ་རིའི་ནང་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོའི་སྙན་ཞུ་ས་གནས་སྤྱི་མཐུན་ཚོགས་པ་ཁག་བརྒྱུད་དོན་གཅོད་ཁང་དུ་ཕུལ་འབྱོར་བྱུང་བ་དང་། དོན་གཅོད་ཁང་ནས་རགས་ཙམ་ཞིབ་འཇུག་དང་འབྲེལ་དཔལ་འབྱོར་ལས་ཁུངས་སུ་བསྐྱར་གཏོང་ཞུས་པ་གྲངས་ ༦༤ དང་། དཔྱ་དེབ་གསར་བཟོས་ཀྱིས་དཔལ་འབྱོར་ལས་ཁུངས་ནས་དོན་གཅོད་ཁང་ལ་བཏང་འབྱོར་བྱུང་བ་ལྟར་དོན་ཁང་ནས་ཁུངས་སོ་སོའི་ས་གནས་སུ་བཏང་ཟིན་པ་གྲངས་ ༦༧ བྱུང་ཡོད། དེ་མིན་དང་བླངས་དཔྱ་དེབ་ཞུ་སྙན་ཕུལ་འབྱོར་བྱུང་ཡང་རྒྱུ་མཚན་སྣ་ཚོགས་དབང་གིས་དཔལ་འབྱོར་ལས་ཁུངས་ནས་ཕྱིར་སློག་བྱུང་བ་དོན་ཁང་ནས་ས་གནས་སུ་བཏང་ཟིན་པ་གྲངས་ ༥ བྱུང་ཡོད། དང་བླངས་དཔྱ་དངུལ་ལག་དེབ་གསར་པའི་ཞུ་སྙན་ས་གནས་སོ་སོ་ནས་དོན་གཅོད་ཁང་དུ་འབྱོར་བ་དང་། དཔལ་འབྱོར་ལས་ཁུངས་ནས་ཕྱིར་སློག་གནང་བའི་ཞུ་སྙན་འཇུག་སྐྱོང་ཞུ་མུས་དོན་ཁང་དུ་ལྷག་ཡོད་པ་གྲངས་ ༣༥ བཅས་ཆགས་ཀྱི་ཡོད།
བྱང་ཨ་མི་རི་ཁའི་ཁྱབ་ཁོངས་སུ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་ཆུང་བསྡོམས་སུམ་ཅུ་ཡོད་པ་དང་། ས་གནས་དེ་དག་ལ་རྣམ་ཀུན་ནས་འབྲེལ་བ་ཞུ་རྒྱུ་དང་། ལྷག་པར་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་དོན་ཁང་གི་སྡེ་ཚན་འགན་འཛིན་ལྷག་པ་ཚེ་རིང་ལགས་ནས་སྐུ་ཚབ་དོན་གཅོད་མཆོག་དང་བཀའ་བསྡུར་དང་འབྲེལ་འགན་འཁུར་ཞུ་གི་ཡོད་པ་བཅས།།
བྱང་ཨ་རིའི་ཁུལ་གྱི་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་གནས་སྟངས།
གསར་གནས།

འབྲེལ་གནས།
