༄༅། །བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ཀོ་ལེ་གྷལ་སྨན་ཁང་དུ་སྨན་སྤྲོད་པ་གཅིག་དང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་སྨན་ཞབས་པའི་ས་མིག་གཅིག་བཅས་ས་མིག་སྟོང་པ་གཉིས་ཡོད་ན། རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་གཉིས་ཐོག་ལས་ཀ་བྱེད་བློ་ཡོད་རིགས་ནས་སོ་སོའི་འཚང་སྙན་དང་། གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཡིག་ཆ་རྣམས་ ༢༠༡༠ ཟླ་ ༡༢ ཚེས་ ༣༡ ཕྱི་དྲོ་ཚོུད་ ༥ ནས་མ་འགྱངས་པར་འཕྲོད་བསྟེན་ལས་ཁུངས་སུ་གཤམ་གསལ་མིང་བྱང་ཐོག་འབུལ་དགོས་པ་དང་། འདི་ནས་དོ་བདག་སོ་སོར་འབྲེལ་བ་བྱེད་བདེའི་སླད་སོ་སོའི་ཁ་བྱང་། E-mail address, Fax དང་ཁ་པར་ཨང་གྲངས་བཅས་ཁ་གསལ་བཀོད་དགོས།
དགོས་མཁོའི་ཆ་རྐྱེན་ཁག
༡༽ སྨན་སྤྲོད་པར་ Bachelor in Pharmacy ཡང་ན་ Diploma in pharmacy ཐོན་པའི་ལག་འཁྱེར་དང་། སྨན་ཞབས་པའི་ཆེད་ B.Sc.Nursingཡང་ན་ General Nursing ཐོན་པའི་ལག་འཁྱེར་གྱི་ངོ་བཤུས། B.Pharmacyདང་། B.Sc.Nursing ཐོན་པར་གོ་སྐབས་དང་པོ་སྤྲོད་རྒྱུ།
༢༽ རྒྱ་གར་རྒྱལ་ཡོངས་ནང་ཆེད་ལས་སོ་སོའི་ལས་ཀ་ཉམས་ལེན་ཆོག་མཆན་ལག་འཁྱེར་གྱི་ངོ་བཤུས།(Registration Certificate)
༣༽ དང་བླངས་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༠།༡༢།༣༡ བར་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་དང་། འབྲེལ་ཡོད་རང་བདེན་ཚོགས་ཆུང་གི་ངོས་སྦྱོར།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས།
༥༽ ༢༠༡༠ ཟླ་ ༡༢ ཚེས་ ༣༡ ཉིན་རང་ལོ་ ༣༥ མ་བརྒལ་བ་དགོས། ཁུངས་སྐྱེལ་ཆེད་སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་འཛིན་རིམ་བཅུ་པའི་ལག་འཁྱེར་གྱི་ངོ་བཤུས།
༦༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།(Character Certificate)
༧༽ ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ན། སྡེ་ཚན་དེའི་འགན་འཛིན་གྱིས་དགག་ཆ་མེད་པའི་ངོས་སྦྱོར་བཅས། གོང་གསལ་ངོ་བཤུས་ཡིག་ཆར་ས་གནས་འགོ་འཛིན་ནམ། ཡང་ན་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་ངེས་པར་འཁོད་དགོས། ཡང་ཡིག་ཆ་ངོ་མ་རྣམས་རྒྱུགས་སྤྲོད་སྐབས་མིག་སྟོན་ངེས་པར་དགོས་རྒྱུ་དང་།
༨༽ འཚང་སྙན་འབུལ་མཁན་མང་ཉུང་ལ་གཟིགས་ཏེ་རྒྱུགས་ལེན་དགོས་མིན་དང་བྱ་ཡུལ་སོགས་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ ༢༠༡༠ ཟླ་ ༡༡ ཚེས་ ༤ ལ།།
འཚང་སྙན་འབུལ་ཡུལ།
Secretary
Department of Health,
Gangchen Kyishong,
Dharamshala 176215, Distt. Kangra H.P India
Telephone 01892-223408/223486; Fax 01892-222718 E-mail; [email protected]
བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།
གསར་གནས།
འབྲེལ་གནས།