༄༅། །འདི་གར་བོད་གཞུང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༩ ཉིན་བྱང་ཨ་རིའི་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ལ་ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཤིང་ཊོན་དུ་བཀའ་དྲིན་སྩལ་རྒྱུའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། གསལ་བསྒྲགས་ནང་། དུས་འཁོར་དབང་ཆེན་གསུང་ཆོས་ཀྱི་དྲྭ་རྒྱའི་སྐོར་དང་། གསུང་ཆོས་ཕྱག་འཁྱེར་གྱི་གོང་ཚད་དང་འགྲེམས་ཚོང་སྐོར། སྡོད་གནས་མགྲོན་ཁང་དང་འགྲིམ་འགྲུལ་སྐོར། གསུང་ཆོས་ཀྱི་སྦྱིན་བདག་བྱེད་ཕྱོགས། གསུང་ཆོས་རིང་དང་ཉིན་མཐའ་མ་སྟེ། ༢༠༡༡ ཕྱི་ཟླ་ ༧ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་བརྟན་བཞུགས་སྐབས་ཚོགས་གསག་དགེ་སྒྲུབ་ཀྱི་ཞལ་འདེབས་འབུལ་ཕྱོགས་སྐོར་སོགས་དོན་ཚན་ ༦ འཁོད་ཡོད་པ་པ་བཅས།།
གསར་གནས།
འབྲེལ་གནས།