༢༠༡༠ ཟླ་ ༡༡ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །བཀུར་འོས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་པི་ལོ་སི་མཆོག་ལ། ད་རེས་ཨ་རིའི་བར་དཀྱིལ་གྱི་འོས་བསྡུ་གནང་བའི་གྲུབ་འབྲས་དེས་མི་དམངས་རྣམ་པས་ཁྱེད་ཀྱི་ཆབ་སྲིད་ཚོགས་པའི་ཕྱག་ལས་གནང་ཕྱོགས་ལ་མཐའ་མའི་ཐག་གཅོད་རེད་དགོངས་ཀྱི་མེད་པ་ང་ཚོའི་རེ་བ་ཡིན། ང་ཚོའི་ཡིད་ཆེས་ནི་ཁྱེད་ཀྱིས་དེ་ཨ་རི་རྒྱལ་ཁབ་དང་དེའི་མང་གཙོ་འཕེལ་རྒྱས་ལ་རྒྱལ་ཁ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དེ་ཡིན། སྐུ་ཉིད་ནས་ཨ་མི་རི་ཀའི་མི་དམངས་ལ་ཞབས་འདེགས་ལྷད་མེད་ཞུས་པར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག་༸གོང་ས་མཆོག་གིས་བོད་མི་རྣམས་སྡུག་བསྔལ་ལས་མཐར་ཆེད་ཕྱག་ལས་མཛད་བཞིན་པར་ཉིད་ཀྱིས་རྒྱབ་སྐྱོར་ཆད་མེད་གནང་བར་ཡང་ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཕྱི་ལོ་༢༠༠༨ ལོའི་དཔྱིད་ཀར་སྐུ་ཉིད་རྡ་རམ་ས་ལར་ཕེབས་ནས་བོད་མིའི་འཚེ་མེད་ཞི་བའི་ངང་རང་དབང་གི་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་གསལ་པོ་སྟོན་པ་དེ་ང་ཚོས་དགའ་པོའི་ངང་དྲན་གྱི་འདུག གུས་པའི་འཚམས་འདྲི་དང་སྨོན་འདུན་བཅས་བཀའ་བློན་ཁྲི་པའི་མིང་འཛིན་པ་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་ ༢༠༡༠ ཟླ་༡༡ ཚེས་ ༣ ཉིན་ཕུལ།།
ཕྱག་བྲིས་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།