༢༠༡༠ ཟླ་ ༡༡ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༣ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་རྡ་ས་ནས་ཅན་ལྡི་གར་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ། དེ་ནས་མཁའ་ལམ་བརྒྱུད་སྦེང་ལོར་དུ་ཚེས་ ༡༦ ཉིན་ཕེབས་ཏེ་ས་གནས་ཁག་གཉིས་ལ་ལས་འཆར་དང་། ཚེས་ ༡༧ ཉིན་སྦེང་ལོར་ནས་གྷོ་ཧ་ཀྲིར་ཕེབས་ཐོན་གྱིས་ཏེཇ་པུར་བརྒྱུད་བསྟན་སྒང་དུ་ཕེབས་འབྱོར་གནང་རྒྱུ་དང་། ཚེས་ ༡༨ ནས་ ༢༢ བར་ཨ་རུ་ན་ཅལ་ཁོངས་བོད་མིའི་གཞིས་ཆགས་ཏེཇ་པུར་དང་། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་བཅས་ས་གནས་སུ་ལས་འཆར། ཚེས་ ༢༣ ཉིན་རྟ་དབང་ནས་གྷོ་ཧ་ཀྲི་མཁའ་ལམ་བརྒྱུད་ཕེབས་ཐོན་དང་། དེ་ནས་ཤི་ལོང་དུ་མཁའ་ལམ་བརྒྱུད་ཕེབས་འབྱོར་གནང་རྒྱུ། ཚེས་ ༢༤ ཉིན་མེ་གྷ་ལ་ཡ་ཁོངས་ཤི་ལོང་བཅས་བོད་མིའི་འདུ་སྡོད་ཁག་གཅིག་ཏུ་ལས་འཆར་དང་། ཚེས་ ༢༥ ཉིན་ཤི་ལོང་ནས་མཁའ་ལམ་བརྒྱུད་གྷོ་ཧ་ཀྲིར་ཕེབས་ཐོན་དང་གྷོ་ཧ་ཀྲིར་ནས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ། ཚེས་ ༢༦ ཉིན་ལྡི་ལི་ནས་ཅཀྐི་བྷེངྐ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས་ཡིན་འདུག