༄༅། རང་གཞུང་དཔལ་འབྱོར་ལས་ཁུངས་སུ་བུད་མེད་ནུས་ཤུགས་སྤེལ་ཐབས་ཀྱི་ལས་གཞི་སྡེ་ཚན་ཆེད་དགོས་མཁོ་ཇི་བཞིན་ཁྱད་ལས་པའི་ལས་བྱེད་གཤམ་གསལ་ལྟར་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
ཁྱད་ལས་པའི་དྲུང་གཞོན་ལས་རོགས་ ༡ གི་དགོས་ངེས་ཆ་རྐྱེན།
ལས་འགན། བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་ཀྱི་ལས་གཞིའི་འགན་འཁུར་རྐང་ལེན་པ།
ཤེས་ཚད།
༡ ཉུང་མཐར་གཙུག་ལག་རབ་འབྱམས་པ་(M.A)ཐོན་པ།
༢ བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་ཐོག་སྦྱོང་བརྡར་རམ་ཟབ་སྦྱོང་བྱས་པའི་ལག་འཁྱེར་ཡོད་པ།
༣ བོད་ཀྱི་སྐད་ཡིག་རིག་གནས་ཐོག་རང་སྐྱ་འཕེར་ངེས་ཡོད་པ།
ཉམས་མྱོང་། བུད་མེད་ནུས་ཤུགས་སྤེལ་ཐབས་ཀྱི་ལས་གཞིའི་ཐོག་ཉུང་མཐར་ལོ་ ༢ ཀྱི་ཉམས་མྱོང་ཡོད་པ།
ལོ་ཚད། ༢༠༡༠།༡༢།༡༡ ཉིན་རང་ལོ་ ༣༥ ལས་མ་བརྒལ་བ།
རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་གཅིག་ལས་མང་བ་ཡོད་ཚེ་ངག་རྒྱུགས་ཀྱི་ལམ་ནས་དྲག་འདེམས་ཀྱིས་བསྐོ་གཞག་གནང་རྒྱུ།
གོང་གསལ་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁང་། རང་གཞུང་གི་དྲ་རྒྱ་ (www.tibet.net) བཅས་ནས་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཞུས་ཏེ་དེའི་ནང་གི་དགོས་ངེས་ཆ་རྐྱེན་འཐུས་ཚང་བཀང་སྟེ།
༡རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང་།
༢ ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ངོ་བཤུས། (Marksheet & Certificate)
༣ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༤ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༥ སྐྱེས་ཚེས་ལག་འཁྱེར་རམ་འཛིན་རིམ་ ༡༠ པ་ཐོན་པའི་ལག་འཁྱེར་ནང་རང་ཉིད་ཀྱི་སྐྱེས་ཚེས་གསལ་བ་གང་རུང་གི་ངོ་བཤུས།
༦ བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་ཐོག་འདྲ་དཔར་ཚོན་ཁྲ་ཅན་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ། རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སབྱོར་ཡིན་ན་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་ངོས་སབྱོར་ཞུ་དགོས།
༧ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༨ ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སབྱོར་ངོ་མ། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་དག་ཆན་ལས་དམ་(Attestation) ཞུས་ཏེ་འཚང་སྙན་མཉམ་ ༢༠༡༠ ཟླ་ ༡༢ ཚེས་ ༡༡ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང་། ལག་འཁྱེར་ཁ་དཔར་ཨང་། གློག་འཕྲིན་ཁྱ་རྒྱཌྷདྲརྡཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་འབུལ་ཐུབ་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་ཡིག་རྒྱུགས་གཏོང་རྒྱུར་འབོད་བརྡ་འབྱོར་བསྟུན་འབྱོར་ཐོ་འགོད་རྒྱུའི་ཐོག་ཡིག་རྒྱུགས་བཞེས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།
གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༠ ཟླ་ ༡༡ ཚེས་ ༡༡ ལ།།
The Secretary
Public Service Commission,
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra (H.P)
Telefax: 01892-226240/222328
E-mail: [email protected]