༢༠༡༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷར་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ཨངྒ་སན་སུ་ཀི་(Aung San Suu kyi) མཆོག་ལ་སྩལ་བའི་འཚམས་འཕྲིན་ནང་འཁོད་དོན། ངོས་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨངྒ་སན་སུ་ཀི་མཆོག་གློད་བཀྲོལ་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང། བྷར་མའི་དམག་མིའི་སྲིད་གཞུང་ལ་བསྔགས་བརྗོད་ཞུ་གི་ཡོད། ངོས་ཀྱིས་བྷར་མའི་ནང་མང་གཙོའི་ལས་འགུལ་འདིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་ཆབས་ཅིག་གོ་སྐབས་འདི་བཟུང་སྟེ་འཛམ་གླིང་ཡོངས་ཀྱི་མི་མང་རྣམས་ནས་འདི་ལྟ་བུའི་འཚེ་མེད་ཞི་བའི་ལས་འགུལ་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ངོས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་ཀྱང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པོ་དང་དེ་བཞིན་སོ་སོའི་རང་དབང་གི་རྣམ་འགྱུར་བེད་སྤྱོད་བཏང་སྟེ་བཙོན་འཇུག་བྱས་པའི་བཙོན་པ་རྣམས་གློད་བཀྲོལ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད། ཅེས་འཚམས་འཕྲིན་ནང་འཁོད་ཡོད།
༼གོང་གསལ་འཚམས་འཕྲིན་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽