༢༠༡༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཡིག་ཚང་ནས་གཏང་གནས་ནང་འཁོད་དོན། མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་དབྱར་དགུན་གཉིས་ཀྱི་གུང་གསེང་དང་། དེ་མིན་དམིགས་བསལ་གུང་གསེང་ཞུ་སྤྲོད་སྐབས་སློབ་ཕྲུག་གི་ཕ་མ་སྤུན་ཉེ་སུ་ཡིན་ངོ་སྤྲོད་མེད་པར་དགོངས་ཞུས་ཀྱིས་མཉམ་འཁྲིད་བྱེད་བཞིན་པ་ཉེན་ཚབས་ཆེ་ཁར་དེང་སྐབས་སྤྱི་ཚོགས་ནང་གུང་གསེང་ཞུས་འཁྲིད་ཀྱིས་གནས་ཚུལ་འདྲ་མིན་འབྱུང་མི་སྲིད་པ་མིན་སྟབས། གནས་ཚུལ་དེ་རིགས་ལྷག་ཚེ་དོ་བདག་ཕ་མ་དང་། ཕྲུ་གུ་སློབ་གྲྭ་ཚང་མའི་མཚན་ཤས་ཆགས་གཞི་ཙམ་མ་ཚད། ཕྲུ་གུའི་འཕྲོད་བསྟེན་དང་སྒྲིག་སྤྱོད་ལ་ཚང་མས་འགན་འཁུར་དགོས་པར་སོང་། འདི་ལོའི་དགུན་ཁའི་གུང་གསེང་སྐབས་ནས་སྔ་ལམ་ལྟར་མ་ཡིན་པར་ས་གནས་འགོ་འཛིན་ལས་ཁང་ནས་དོ་བདག་ཕ་མ་གཉེན་འབྲེལ་སོ་སོའི་སྡོད་གནས་དང་། སློབ་ཕྲུག་དང་འབྲེལ་བ་ཇི་ཡིན་ཁ་གསལ་ཐོག་དོ་བདག་གུང་གསེང་བསུ་མིའི་འདྲ་དཔར་སྟེང་ས་གནས་འགོ་འཛིན་ལས་ཁང་གི་ལས་ཐམ་འཁོད་པའི་ཡི་གེ་ངོ་མ་མཉམ་འཁྱེར་བྱུང་མཚམས་འདི་ནས་སློབ་ཕྲུག་གུང་གསེང་གཏོང་རྒྱུ་ལས་མྱུར་འཕྲིན་དང་ཞལ་དཔར་ཐོག་དགོངས་ཞུ་བྱས་ཚེ་གུང་གསེང་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སུ་ཅེས་འཁོད་ཡོད།།
མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་གུང་གསེང་ཞུ་ཕྱོགས་ཀྱི་གསལ་བསྒྲགས།
གསར་གནས།
འབྲེལ་གནས།